ཁུལ་ཨུས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་ལག་ལེན་ཆེད་དོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   

 ཟླ་10པའི་ཚེས་10ཉིན་ཁུལ་ཨུས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་ལག་ལེན་ཆེད་དོན་ཚོགས་འདུ་འཚོགས་པ་རེད།  ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཅིག་བསྡུས་སློབ་སྦྱོང་ཐེངས་ཉེར་གཉིས་པའི་དུས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་ལག་ལེན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་བདེ་ཆེན་དེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་དཔེ་བཟང་ས་ཁུལ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།     

     ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཚོགས་འདུར་ཞུགས་པ་རེད།     

     ལུའོ་ཁྲའོ་ཧྥེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ཁུལ་ཡོངས་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་ནན་ཏན་དང་དོན་འཁྱོལ་བྱས་པ་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་བོད་བརྒྱུད་ནང་བསྟན་མངའ་ཁོངས་རྒྱུན་སྲུང་རྒྱུན་འཁྱོངས་དང་ཡུན་རིང་འཆམ་མཐུན་བརྟན་ལྷིང་བྱས་ནས་ལག་ལེན་འཚོལ་ཞིབ་གཏིང་ཟབ་ཏུ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཞིང་། ཉམས་མྱོང་རྩ་ཆེན་གསོག་འཇོག་བྱས་ཡོད་ཅེས་བསྟན།  

     ལུའོ་ཁྲའོ་ཧྥེང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། བོད་བརྒྱུད་ནང་བསྟན་རང་ངོས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན་ཞེས་ནན་བཤད་གནང་།     ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག  ཞིང་ཨུའི་ལས་དོན་གྱི་བླང་བྱ་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།   ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་དང་གསེད་སྒྲིག  སྔོན་ཐོན་གྱི་བྱེད་སྟངས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ།   དོ་གནད་ཆད་སྐྱོན་དང་ཞན་ཆ་དང་གནད་འཕིགས་ཇུས་འདོན་གྱིས་སྟོབས་ཤུགས་ཆེ་རུ་བཏང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་ལག་ལེན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ལས་དོན་ཁག་རྒྱུན་གཏན་དང་མཉམ་འདྲེས་ཡོང་བར་དམ་འཛིན་བྱས་ཏེ།    བདེ་ཆེན་གྱི་ཆོས་ལུགས་འཆམ་མཐུན་དང་།  མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་བཤད་གནང་ཡོད།    

     ལུའོ་ཁྲའོ་ཧྥེང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “བློ་སྦྱོང་ཕྱོགས་མཐུན་”གྱི་བསམ་བློའི་སློབ་གསོ་དང“བརྒྱད་བལྟ་ལྔ་བསྡུར”བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་ནས་རྒྱ་ཆེའི་དགེ་འདུན་པའི“ཁས་ལེན་ལྔ”ཟམ་མི་ཆད་པར་ཇེ་ཟབ་ཏུ་གཏོང་བ་དང་།    རྒྱལ་ཁབ་ཀྱི་འདུ་ཤེས་དང་།    སྤྱི་དམངས་ཀྱི་འདུ་ཤེས།  ཁྲིམས་སྐྱོང་འདུ་ཤེས།  བཀའ་དྲིན་ཞུ་བའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་དགོས།     ཁྲིམས་ལྟར་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱེད་པར་མཐའ་འཁྱོངས་དང་།    ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་པའི་ལམ་ལུགས་དང་ལམ་སྲོལ་ཟུངས་ནུས་བྱ་ཐབས་འཐུས་ཚང་དུ་གཏོང་བ།    ཞབས་ཞུའི་དོ་དམ་ཞིབ་ཚགས་ཅན་དུ་འགྱུར་བར་ཤུགས་སྣོན་རྒྱག་པ།   ཉེན་ཁ་དང་འགོག་ཟོན་སྣ་ཚོགས་མངོན་མེད་རྐྱེན་ངན་ཐག་གཅོད་བཅས་བྱ་དགོས།   ཆོས་ལུགས་ལས་རིགས་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    ཕྱོགས་ཡོངས་ནས་ཆོས་སྐྱོང་ནན་པོ་མཐའ་འཁྱོངས་བྱས་ཏེ་རང་ངོས་སློབ་གསོ་དང་།   རང་ཉིད་ལ་དོ་དམ་བྱེད་པ།  རང་གཅུན་རང་འདོམས་བཅས་ཀྱི་ཆ་སྙོམས་རྒྱུན་ཆད་མེད་པར་མཐོར་འདེགས་བྱ་དགོས།ཏང་གིས་བོད་བརྒྱུད་ནང་བསྟན་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཆོས་ལུགས་ལས་དོན་གྱི་“དཔུང་ཁག་གསུམ་”འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།  སྡེ་ཚན་གྱི་མཉམ་འགུལ་ལམ་སྲོལ་ཟུངས་ནུས་བྱ་ཐབས་འཐུས་ཚང་དུ་གཏོང་བ།    གཞི་རིམ་ལས་དོན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཏང་ཨུའི་འགོ་ཁྲིད་དང་།    སྲིད་གཞུང་གི་དོ་དམ།  སྤྱི་ཚོགས་ཀྱི་རོགས་རེས།      ཆོས་ལུགས་རང་གཅུན་བཅས་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་སྔར་བས་ཆགས་པར་བྱ་དགོས་ཞེས་བསྟན་ཡོད།   

     ཁུལ་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད།