རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་13ཉིན། འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་དབུ་བརྙེས་ནས་ལོ་40འཁོར་བའི་རྟེན་འབྲེལ་ཚོགས་ཆེན་འབའ་ལུང་རྫོང་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཡུན་ནན་ཞིང་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་སོགས་ཀྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་དང་རྟེན་འབྲེལ་ཞུ་ཡིག་བསྐུར་བ།

རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཞབས་ཞུ་ཅུས་ཀྱི་སྒྲིག་ཨུའི་ཧྲུའུ་ཅི་ཧྥུ་ཡེ་ཧུང་དང་། ཡུན་ནན་ཞིང་ཆེན་གྱི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ། ཞིང་ཆེན་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རེན་གཞོན་པ་ལི་ཞའོ་ཡན་
གཉིས་ཀྱིས་ཚོགས་ཆེན་དུ་ཞུགས་པ་མ་ཟད་གསུང་བཤད་གནང་། བདེ་ཆེན་ཁུལ་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་ཆེན་དུ་ཞུགས།
ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་ཨུའི་ཧྲུའུ་ཅི་ལི་ཁྲེན་ཧའོ་དང་། རང་ཁུལ་གྱི་འགོ་ཁྲིད་ཀྲང་ཝེ་ཏུང་དང་ཞུས་སི་སི། ལི་ཡན་ལན། མིའོ་ཡིའུ་ཧྥ་སོགས་ཚོགས་ཆེན་དུ་ཞུགས།
ཧྥུ་ཡེ་ཧུང་གིས་རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྟེན་འབྲེལ་ཚོགས་པའི་ཚབ་བྱས་ནས་འབའ་ལུང་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལས་རིགས་སོ་སོའི་མི་སྣ་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་བྱམས་བརྩེའི་འཚམས་འདྲི་གནང་། མོ་ཡིས་བསྟན་དོན། འབའ་ལུང་གི་ལོ་ངོ་40ཡི་འཕེལ་རྒྱས་གྲུབ་འབྲས་ནི་ར་སྤྲོད་གང་ལེགས་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་མཐའ་འཁྱོངས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་མཐའ་འཁྱོངས་བཅས་བྱས་ན། གཞི་ནས་འབའ་ལུང་གི་དེ་བས་མཛེས་སྡུག་ལྡན་པའི་མ་འོངས་འཛུགས་སྐྲུན་བྱེད་ཐུབ་པ་དང་། གཞི་ནས་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདོད་པ་སྐོང་ཐུབ། འབའ་ལུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲིངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་ཇེ་ཆེར་གཏོང་བ། ཡིད་ཆེས་བཞི་བརྟན་པོར་གཏོང་བ། སྲུང་སྐྱོང་གཉིས་བྱེད་ཐུབ་པ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་གཙོ་ཐིག་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་སྟེ། ཀྲུང་གོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རླབས་ཆེན་གྱི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་དང་གནད་ལ་འཁེལ་ཞིང་ཁྱོན་ཡོངས་ནས་ལག་བསྟར་བྱེད་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ནང་འདྲེས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འབའ་ལུང་འཛུགས་སྐྲུན་ཧུར་ཐག་བཅས་བྱ་དགོས།
ལི་ཞའོ་ཡན་གྱིས་ཡུན་ནན་ཞིང་ཆེན་གྱི་རྟེན་འབྲེལ་ཚོགས་པའི་ཚབ་བྱས་ནས་འབའ་ལུང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་།མོ་ཡིས་བསྟན་དོན། ལོ་40རིང་འབའ་ལུང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་སེམས་མཐུན་དང་། མེས་རྒྱལ་དང་ལས་རིགས་གཅིག་པ། དུས་རབས་དང་མཉམ་དུ་མདུན་སྐྱོད་བཅས་བྱས་ཏེ“ཏང་གི་འོད་སྟོང་མཐའ་མཚམས་སུ་འཕྲོ་བ་དང་མཐའ་མཚམས་ཀྱི་མི་དམངས་སེམས་པ་ཏང་ལ་ཕྱོགས་པའི”མཛེས་སྡུག་ལྡན་པའི་རི་མོ་བྲིས་ཡོད། འབའ་ལུང་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ་དང་། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། གོ་སྐབས་དམ་འཛིན། མཐུན་སྒྲིལ་སེམས་མཐུན། དྲིན་ཚོར་དང་འབད་བརྩོན་བཅས་བྱེད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་སྟེ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་རྒྱུར་ཤུགས་རྒྱག་པ་དང་། མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་སྟེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་འབའ་ལུང་དུ་སྔར་ལས་རྣམ་པ་བཀྲ་རུ་འཇུག་དགོས།
ལོ་ངོ་40ཡི་རིང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག་འབའ་ལུང་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་རྒྱུ་གཙོ་ཐིག་ཏུ་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་འཛུགས་སྐྲུན་དམ་འཛིན་བྱས་པ་དང་དཀའ་ངལ་མཁྲེགས་གཏོར་བྱས་ནས་འཕེལ་རྒྱས་འཚོལ་ཏེ། རྫོང་ཁོངས་དཔལ་འབྱོར་མཆོང་སྐྱོད་ངང་འཕེལ་རྒྱས་ཕྱིན་པ་དང་། འབྱུང་འཕྲོད་གོང་འཕེལ་ཀྱི་རྒྱབ་ལྗོངས་སྔར་བས་གསལ་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་ལ། དམངས་འཚོའི་བདེ་རྩ་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད། རྫོང་ཡོངས་ཀྱི་ས་ཁུལ་ཀྱི་ཐོན་སྐྱེད་སྤྱི་འབོར་1984ལོའི་སྒོར་དུང་ཕྱུར་0.35ནས་2024ལོའི་སྒོར་དུང་ཕྱུར་60.88བར་འཕར་ཏེ་ལྡབ་170ལས་བརྒལ་ཡོད། དབུལ་པོ་དབུལ་ནག་གི་ལོ་རྒྱུས་མཇུག་རྫོགས་པ་དང་། བཀག་སྡོམ་ནས་སྒོ་འབྱེད་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་མི་རིགས་ས་ཁོངས་ཀྱི་རང་སྐྱོང་འཕེལ་རྒྱས་ཀྱི་ལེའུ་བྲིས་ཡོད་ལ། སྤྱི་ཚོགས་བརྟན་ལྷིང་དང་མཐའ་མཚམས་བདེ་འཇགས། ཞི་མཐུན་མཉམ་གནས་བཅས་ཀྱི་རི་མོ་བྲིས་ཡོད་པ་རེད།

རྟེན་འབྲེལ་ཚོགས་ཆེན་ཐོག་《འོད་སྟོང་འབར་བའི་འབའ་ལུང་》ཞེས་པའི་རིག་རྩལ་འཁྲབ་སྟོན་སྤེལ་ཏེ།འབའ་ལུང་གི་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དྲིན་ཚོར་འབད་བརྩོན་དང་མཐུན་སྒྲིལ་འབད་བརྩོན་བྱས་ཏེ་སྔར་ལས་མཛེས་སྡུག་ལྡན་པའི་འབའ་ལུང་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་བརྟན་པོ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པ་རེད།

ཁ་གཏད་རོགས་སྐྱོང་ས་ཁུལ་དང་ལས་ཁུངས། དེ་བཞིན་ཁྱིམ་མཚེས་རྫོང་དང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་འགོ་ཁྲིད། འབའ་ལུང་གི་ལས་རིགས་ཁག་དང་མངའ་ཁོངས་ཁག་གི་ཕུལ་བྱུང་དཔེ་བཟང་འཐུས་མི་དང་དེ་བཞིན་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་འཐུས་མི་སོགས་རྟེན་འབྲེལ་ཚོགས་ཆེན་དུ་ཞུགས་པ་རེད།