རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
རྒྱལ་ཡོངས་དམངས་ཆེན་འཐུས་མི་ཚོགས་ཆེན་གྱི་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྟེན་འབྲེལ་ཚོགས་པ།ཡུན་ནན་ཞིང་ཆེན་གྱི་རྟེན་འབྲེལ་ཚོགས་པ། བདེ་ཆེན་ཁུལ་གྱི་རྟེན་འབྲེལ་ཚོགས་པ། ཁྱིམ་མཚེས་རྫོང་དང་གྲོང་ཁྱེར་ཁག་གི་འཐུས་མི་ཚོགས་པ་དང་དེ་བཞིན་ཧྲང་ཧའེ་པའོ་ཧྲན་ཆུས་སོགས་ཤར་ནུབ་ཕྱོགས་ཀྱི་མཉམ་ལས་དང་དམིགས་འཛུགས་རོགས་སྐྱོར་སྡེ་ཚན་གྱི་འགོ་ཁྲིད་དང་སྐུ་མགྲོན་དག་འབའ་ལུང་གི་མི་རིགས་ཁག་གི་ལས་བྱེད་པ་མང་ཚོགས་ཀྱིས་མཉམ་དུ་འཁྲབ་སྟོན་ལ་ལྟ་བཞིན་ཡོད།
འབའ་ལུང་རྫོང་ཨུའི་འགོ་ཁྲིད་གཙོ་བོས་དགའ་བསུ་ཤིས་ཚིག་ཕུལ་དུས་བཤད་དོན།1985ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་འཛུགས་པ་ལ་ཆོག་མཆན་སྤྲད་པས། འབའ་ལུང་བསྒྱུར་བཅོས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་ཕྱེ་ཡོད། ལོ་བོ་བཞི་བཅུ་རིང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་འོག ཞིང་ཨུ་དང་ཁུལ་ཨུ ཟུང་སྦྲེལ་རོགས་སྐྱོར་སྡེ་ཚན་བཅས་ཀྱི་སེམས་ཁུར་དང་རྒྱབ་སྐྱོར་འོག རྫོང་ཡོངས་གོང་འོག་གིས་རྡོག་རྩ་གཅིག་སྒྲིལ་དང་དཀའ་ངལ་མཁྲེགས་གཏོར་བྱས་ཏེ་ཐུན་མོང་ཐོག་རྗེས་སྙེག་དང་ཚད་བརྒལ། མཆོང་སྐྱོད་ཀྱི་དུས་རབས་ཀྱི་དཔའ་ཉམས་རྒྱས་པའི་གླུ་དབྱངས་ཞིག་བྲིས་ཡོད། ལོ་ངོ་བཞི་བཅུ་རིང་དུས་ཡུན་མྱུར་དུ་ཡོལ་བ་དང་ལོ་ངོ་བཞི་བཅུའི་རིང་དཔྱིད་ཀར་མེ་ཏོག་བཞད་ཅིང་སྟོན་ཀར་འབྲས་བུ་ཐོགས་པ། འབའ་ལུང་གིས་ཏང་གི་མི་རིགས་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་དང་། “ལོ་ལྔའི་འཆར་འགོད”དགུ་བརྒྱུད་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འབའ་ལུང་གི་ལག་ལེན་ཀྱི་རྣམ་པ་གསར་པ་བཏོད་ཡོད།
རང་སྐྱོང་རྫོང་དབུ་བརྙེས་ནས་ལོ་40འཁོར་བའི་བྱེད་སྒོ་ལྟེ་བའི་གྲས་ཤིག་ཡིན་པའི་ཆ་ནས། གཙོ་དོན་དགོང་ཚོགས་ཀྱིས་ལམ་ཞེས་པ་སྲོག་ཤིང་དུ་བཟུང་སྟེ། 《 བཀྲ་ཤིས་མགྲོན་བསུ།》 《 རྐང་རྗེས།》 《 སྨོན་འདུན།》 《 འཐབ་ལམ།》 《 ཡིད་ཆགས་པ།》 《 ལམ་གཞི།》 《 རེ་སྒྲོལ། 》 《 འོད་སྟོང་།》 ཞེས་པའི་ལེའུ་བརྒྱད་བརྒྱུད་དེ་ཐབས་མཁས་པས་མི་རིགས་གླུ་གར་དང་སྙན་ངག་དང་རི་མོ་འཁྲབ་སྟོན་མཉམ་འདྲེས་བྱས་པ་དེས་འབའ་ལུང་གི་ལོ་ངོ་བཞི་བཅུ་རིང་གི་འཕེལ་རྒྱས་དང་འཕོ་འགྱུར་སྦྲེལ་མཐུད་བྱས་པ་མ་ཟད། མི་རིགས་མང་པོ་མཉམ་འདྲེས་མཉམ་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དེ་བས་གསོན་ཉམས་དོད་པའི་སྒོ་ནས་མངོན་ཡོད།
གཙོ་དོན་དགོང་ཚོགས་ཀྱིས་སྒྱུ་རྩལ་གྱི་སྐད་ཆའི་ཐོག་ནས་འབའ་ལུང་གི་འདས་ཟིན་པ་དང་། ད་ལྟ། འབྱུང་འགྱུར་བཅས་རྒྱས་བཤད་བྱས་པ་དང་འབའ་ལུང་གི་འབད་འཐབ་ཀྱི་ལོ་རྒྱུས་ལམ་ཚད་ལ་ཕྱིར་དྲན་ཡོད་པ་དང་། མིག་སྔའི་བདེ་སྐྱིད་འཚོ་བ་ལ་གསོན་ཉམས་ལྡན་པའི་སྒོ་ནས་བཀོད་ཡོད། འབྱུང་འགྱུར་ལ་མཛེས་སྡུག་ལྡན་པའི་རེ་བ་དེ་བས་ཀྱང་ཡོད་པས། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འབའ་ལུང་གི་ལག་ལེན་ཀྱི་འགྲུལ་བཞུད་གསར་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཡོད།