རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-10   རྩོམ་ཁུངས།   
ཟླ་10པའི་ཚེས་9ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་དུ་ཕེབས་ནས་བརྟག་ཞིབ་གནང་བ་དང་། ཆེད་དོན་ཚོགས་འདུ་འཚོགས་ནས་ས་གནས་ས་ཐོག་ཏུ་ཚད་ལྡན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་ཡོད། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཁུལ་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་དོན་བཅོས་སྒྲིག་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
ལུའོ་ཁྲའོ་ཧྥེང་གིས་ལས་ཡུལ་དངོས་ནས་སྟག་མཆོང་གྲོག་རོང་གི་སྒྲིག་འགལ་འཛུགས་སྐྲུན་གྱི་ཡུལ་སྐོར་སྒྲིག་ཆས་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། བྱེད་ཐབས་དང་དངོས་ཡོད་བཅོས་སྒྲིག་གི་ཕན་འབྲས་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལས་དོན་སྙན་ཞུར་གསན་ཡོད།
ལུའོ་ཁྲའོ་ཧྥེང་གིས་སྟག་མཆོང་གྲོག་རོང་གི་སྒྲིག་འགལ་འཛུགས་སྐྲུན་གྱི་ཡུལ་སྐོར་སྒྲིག་ཆས་གནད་དོན་བཅོས་སྒྲིག་ལས་དོན་སྤེལ་བ་ནས་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྣམ་འགྱུར་བློ་བརྟན་འགྱུར་མེད་ཡིན་པ་དང་། བྱེད་ཐབས་དངོས་བསྒྲུབ། དཀའ་ངལ་ལ་ངོ་རྒོལ་བྱེད་ཕོད་པས། བཅོས་སྒྲིག་གི་ཕན་འབྲས་ཐོག་མར་མངོན་ཡོད་པས་ཁས་ལེན་བྱེད་འོས་པ་ཞིག་རེད། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་གྱི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་གསལ་པོ་རྟོགས་ཏེ་སྔར་བས་ཆབ་སྲིད་ཀྱི་ཚུགས་གནས་མཐོར་འདེགས་དང་། བསམ་བློ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། བཅོས་སྒྲིག་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་ཇེ་བརྟན་དུ་བཏང་ནས་བཅོས་སྒྲིག་བྱེད་པའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
ལུའོ་ཁྲའོ་ཧྥེང་གིས“ས་སྤྱོད་པར་ངེས་པར་དུ་འཆར་འགོད་ཡོད་པ་དང་། ས་སྤྱོད་པར་ངེས་པར་དུ་ཞིབ་མཆན་གཏོང་དགོས”ཞེས་པའི་རྩ་དོན་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ་ཞིབ་མཆན་ནན་པོ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་དང་སྒྲིག་སྲོལ་ལྟར་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱ་དགོས། སྒྲིག་འགལ་གྱི་འཛུགས་སྐྲུན་སྒྲིག་བཀོད་ཁྲིམས་ལྟར་བཤིག་ནས་ལས་ཡུལ་གྱི་གཙང་བཤེར་དང་སྐྱེ་ཁམས་ཉམས་གསོ་དུས་མཉམ་དུ་ལེགས་པར་བསྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་དགོས། སྐབས་ཐོག་བཅོས་སྒྲིག”དང་“ཕུགས་ཕན་སྲོལ་འཛུགས་”ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་སློབ་གསོ་དང་རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མགོ་ཁུངས་ནས་ཁྲིམས་འགལ་གྱི་ཉེན་ཁའི་འཛུགས་སྐྲུན་ཚོད་འཛིན་བྱས་ཏེ་གསོག་ཚད་ཉུང་དུ་བཏང་ནས་འཕར་ཚད་བཀག་འགོག་བྱ་དགོས། ཁེ་ལས་དང་། གྲོང་ཚོ་སྤྱི་དང་ཡུལ་མིའི་ཁེ་ཕན་བཅས་ལ་ཕན་པའི་འཕེལ་རྒྱས་ལམ་སྲོལ་བཙུགས་ཏེ་གཞི་རིམ་ཏང་རྩ་འཛུགས་དང་གྲོང་ཚོའི(ཚོ་ཆུང)ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཞི་རིམ་སྤྱི་ཚོགས་ཀྱི་བཅོས་སྐྱོང་དང་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་ལས་དོན་ཆེད་སྒྲུབ་ཚོ་ཆུང་གིས་སྣེ་ཁྲིད་པའི་སྤྱིའི་ནུས་པ་ཏན་ཏིག་གིས་འདོན་སྤེལ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་སྐུལ་སྤེལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགུལ་ངང་འགན་འཁུར་ནས་མཉམ་ལས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ཞིང་ཆེན་རིམ་པའི་སྡེ་ཁག་ལ་སྙན་སེང་ཞུ་བ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ལས་ཀའི་མཛུབ་ཁྲིད་དང་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་ཏན་ཏིག་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཁྲེན་ཆུན་དང་། ཧོང་ལུང་ཞིན། ཞུས་ཀོང་ཏེ། ལི་ཐའོ་བཅས་བརྟག་ཞིབ་ནང་ཞུགས་ཡོད།