ལུའོ་ཁྲའོ་ཧྥེང་གིས་རྒྱལ་སྟོན་དུས་ཆེན་རིང་གི་རིག་གནས་ཡུལ་སྐོར་ལས་ཀ་ལ་བརྟག་ཞིབ་གནང་དུས་ནན་བཤད་གནང་དོན།  ཐོན་རྫས་མཁོ་འདོན་ཕུན་སུམ་ཚོགས་པོར་གཏོང་བ་དང་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་དེ།  ནུས་ཤུགས་ཡོད་རྒུས་བདེ་འཇགས་དང་གོ་རིམ་ལྡན་ལ།  ཞི་བདེའི་ཡུལ་སྐོར་ཁོར་ཡུག་བསྐྲུན་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-10-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་30ཉིན།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་རྒྱལ་སྟོན་དུས་ཆེན་རིང་གི་རིག་གནས་ཡུལ་སྐོར་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་གནང་སྟེ།  ཁོང་གིས་ནན་བཤད་གནང་དོན།  སྔར་ལས་ལྷག་པ་རིག་གནས་དང་ཡུལ་སྐོར་ཐོན་རྫས་སྤུས་ལེགས་མཁོ་འདོན་ཕུན་སུམ་ཚོགས་པོར་གཏོང་དགོས་པ་དང་། རྒྱུན་མཐུད་ངང་ཞབས་ཞུའི་རྒྱུ་སྤུས་ལེགས་སུ་བཏང་ནས་བདེ་འཇགས་འགན་སྲུང་དང་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་དམ་འཛིན་ཡག་པོ་བྱེད་དེ་བདེ་འཇགས་དང་། གོ་རིམ་ལྡན་པ། བདེ་བ། ཞི་བདེ་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་ཡུལ་སྐོར་པའི་བློ་ཡིད་ཚིམ་ཚད་དང་ཉམས་ལེན་གྱི་ཚོར་སྣང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

        ཁུལ་ཡུལ་སྐོར་ཚོགས་པར།  ལུའོ་ཁྲའོ་ཧྥེང་གིས་མཛེས་ལྗོངས་ཁུལ་གཙོ་བོ་ཁག་གི་ཡུལ་སྐོར་སྣེ་ལེན་གྲ་སྒྲིག་ལས་དོན་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ།  རྡོ་མཁར་རྫོང་དུ་ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་ནས་རིག་གནས་དང་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པའི་གྲ་སྒྲིག་གནས་ཚུལ་ལ་ལྟ་ཞིབ་གནང་བ་དང་།  མ་ཎི་འཁོར་ལོའི་བདེ་འཇགས་སྲུང་སྐྱོང་དང་མེ་གསོད་སྒྲིག་བཀོད་བཀོད་སྒྲིག་དོ་དམ་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་འབྲེལ་ལས་ཀའི་མི་སྣ་དང་དེ་བཞིན་གཉེར་སྐྱོང་དུད་ཚང་ཁག་གཅིག་འཐེན་བཤེར་བྱས་ནས་མེ་གསོད་སྒྲིག་བཀོད་བེད་སྤྱོད་གསལ་སྟོན་བྱས་པ་རེད།  ཁུལ་སྤྱི་བདེ་ཅུས་སུ་ལུའོ་ཁྲའོ་ཧྥེང་གིས་ལས་གནས་བརྟན་སྲུང་བྱེད་པའི་སྤྱི་བདེའི་ལས་བྱེད་དང་ཉེན་རྟོག་པ་རྣམས་ལ་འཚམས་འདྲི་ཞུ་བ་དང་རྒྱལ་སྟོན་དུས་ཆེན་རིང་བརྟན་བརླིང་སྲུང་སྐྱོང་དང་། འགྲིམ་འགྲུལ་ཁྲིད་སྟོན། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་ཉན།

        ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འཚབ་བྱས་ནས་གུང་གསེང་རིང་ལས་གནས་བརྟན་སྲུང་བྱེད་པའི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ལས་བྱེད་མི་སྣ་དང་རྒྱ་ཆེ་བའི་སྤྱི་བདེ་ཉེན་རྟོག་པ་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ། ཁོང་གིས་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སླེབས་པ་དང་བསྟུན་ནས་རང་ཁུལ་གྱིས་ཡུལ་སྐོར་མཐོ་རླབས་བསུ་རྒྱུ་ཡིན་པ་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོར་གཏོང་དགོས་པ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས་ལ། ནུས་ཤུགས་ཡོད་རྒུས་ཞབས་ཞུའི་འགན་སྲུང་ལས་དོན་ཁག་ལེགས་པར་བསྒྲུབ་དགོས།

        ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན། སྐབས་གསུམ་པའི་འཛམ་གླིང་ཀྱི“སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན”རྒྱལ་སྟོན་ཟླ་མཆོད་ཀྱི་མུ་འབྲེལ་ཁྱད་ལྡན་བྱེད་སྒོ་ནན་ཏན་ངང་སྒྲིག་འཛུགས་དང་སྤེལ་བ་དང་། རིག་གནས་དང་ཡུལ་སྐོར་ཐོན་རྫས་གསར་གཏོད་གསར་སྤེལ་ཧུར་ཐག་དང་། དྲིལ་བསྒྲགས་དང་ཚོང་གཉེར་ལ་ཤུགས་སྣོན་རྒྱག་པ། བདེ་ཆེན་གྱི་གཏམ་རྒྱུད་ཡག་པོ་བཤད་པ། མཁོ་སྤྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་བཏང་ནས་ཡུལ་སྐོར་བའི་ཡིད་དབང་ནུས་ལྡན་འགུག་པ་བཅས་བྱ་དགོས།  རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་རྩིབས་འཕྲོ་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་འགྲིམ་འགྲུལ་དང་། མཐོ་སྒང་གི་ཁྱད་ལྡན་ཞིང་ལས། དམངས་ཁྱིམ་དཔལ་འབྱོར།  བོད་ལུགས་གསོ་རིག  དེ་བཞིན་དངོས་མིན་རིག་གནས་ཤུལ་བཞག་སོགས་འབྲེལ་ཡོད་ཐོན་ལས་དང་མཉམ་འགུལ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་ཡོངས་ཀྱི་འབྲེལ་ཐག་འཛུགས་དགོས།  བློ་རིག་ཡུལ་སྐོར་འཛུགས་སྐྱོང་ཡག་པོ་བྱེད་དེ་མི་མང་འདུ་འཛོམ་བྱ་ཡུལ་ཀྱི་སྣེ་ཁྲིད་གསལ་པོ་དང་སྟབས་བདེ་མཁོ་འདོན་བྱས་ནས་ཡུལ་སྐོར་བ་ལ་རིག་ནུས་ཅན་དང་། རང་སོའི་ཁྱད་ཆོས་ལྡན་པ། སྟབས་བདེ་ཅན་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱ་དགོས།  དབྱང་རླུང་མཁོ་འདོན་བྱེད་པའི་སྒྲིག་ཆས་འགན་སྲུང་དང་བདེ་འཇགས་ཉེན་ཁའི་དྲན་སྐུལ་སོགས་སྙིང་ཉེ་བའི་ཞབས་ཞུ་ཞིབ་ཚགས་ངང་ལེགས་སྒྲུབ་བྱེད་དེ་རྒྱ་ཆེ་བའི་ཡུལ་སྐོར་བ་དགའ་སྤྲོ་དང་བསྟུན་ནས་ཡོང་བ་དང་བློ་ཡིད་ཚིམ་པའི་སྒོ་ནས་ཕྱིར་ལོག་བྱེད་དུ་འཇུག་དགོས།

        ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།རིམ་པ་ཁག་དང་སྡེ་ཁག་ཁག་གིས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་དང་ཐོན་སྐྱེད་གྱི་ཉེན་ཁ་ཕྱོགས་ཡོངས་ནས་ཞིབ་བཤེར་བཅོས་སྐྱོང་དང་། གཙོ་གནད་དུ་མཛེས་ལྗོངས་ཁུལ་གཙོ་བོའི་སྒྲིག་བཀོད་དང་སྒྲིག་ཆས་བདེ་འཇགས་ཞིབ་བཤེར་བཟོ་བཅོས་སྲུང་སྐྱོང་ལེགས་པར་བྱེད་པ། མེ་གསོད་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་དང་རྒྱུན་ལྡན་ཅན་གྱི་དྲན་སྐུལ་ལ་ཤུགས་སྣོན་རྒྱག་པ། རླངས་འཁོར་བདེ་འཇགས་དྲན་སྐུལ་དང་ཁ་ལོ་བ་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཡུལ་སྐོར་བའི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་དགོས།  ཡུལ་སྐོར་ཁྲོམ་ར་ཀྱི་སྒྲིག་ལམ་ཆེད་དམིགས་བཅོས་སྒྲིག་བྱེད་པ་དང་། ཁྲིམས་ལྟར་གྱིས་རྡེབ་པ་ཁག་གི་སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ནན་པོ་དང་། རྒྱུན་མཐུད་གྱིས་ཡུལ་སྐོར་གྱི་ཁོར་ཡུག་གཙང་སྦྲ་ལེགས་སུ་གཏོང་བ། འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”མིང་རྟགས་སྲུང་སྐྱོང་ཡག་པོ་བཅས་བྱ་དགོས། སྤྱི་བདེ་སྡེ་ཚན་གྱིས་རིག་གནས་དང་ཡུལ་སྐོར་བྱེད་སྒོ་ཆེ་གྲས་ཀྱི་བདེ་སྲུང་ལས་དོན་ཏན་ཏིག་ལེགས་པར་བསྒྲུབས་ནས་རང་ངོས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཤེས་རིག་དང་། གཞུང་དྲང་ཚད་ལྡན་བཅས་ཀྱི་ཁྲིམས་འཛིན་ཡོང་བ་བྱས་ཏེ་ཁྲིམས་འཛིན་གྱི་སྣང་བརྙན་བཟང་པོ་ཡིས་བདེ་ཆེན་ཡུལ་སྐོར་གྱི་སྤྱི་ཡོངས་ཀྱི་སྣང་བརྙན་མཐོ་རུ་གཏོང་རྒྱུར་རོགས་རམ་བྱེད་དགོས།

        ཁྲེན་ཆོན་དང་ཧོང་ལུང་ཞིན། ལིན་ཧའོ།  པའོ་ཡུས་ཏུང་སོགས་བརྟག་ཞིབ་ཏུ་ཞུགས།