ཞིང་ཆེན་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་ཁུན་མིང་ནས་བསྡུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཞིང་ཆེན་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་རང་ངོས་གསར་བརྗེའི་དགོངས་དོན་གལ་ཆེན་རྒྱུན་མཐུད་ངང་ལག་བསྟར་གཏིང་ཟབ་བྱས་ནས་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྣང་ཚུལ་དང་ལས་སྒྲུབ་ལས་སྐྲུན་གྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན་ཡོད།   ཝང་ཉིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཝང་ཡུས་པའོ་དང་ཧྲི་ཡུས་ཀང་།   ལིའུ་ཞའོ་ཁའེ་ཚོགས་འདུར་ཕེབས་ཡོད་པ་རེད།


  ཟླ་9ཚེས་29ཉིན། ཞིང་ཆེན་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་ཁུན་མིང་དུ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་རང་ངོས་གསར་བརྗེའི་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཕིན་ཕིང་གིས་ཡུན་ནན་ལ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་པ་ལག་བསྟར་ཞིབ་ཕྲ་བྱས་ནས།    སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཟུང་འབྲེལ་བྱས་ཏེ།    ཉེ་བའི་ལོ་འགའི་རིང་ཞིབ་གཅོད་བྱས་པའི་ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་དེ་དཔེ་མཚོན་དུ་བརྩིས་ནས་ཆེད་མངགས་ཉེན་བརྡའི་སློབ་གསོ་སྤེལ་བ་དང་། གྱོད་གཞི་དེ་དཔེ་རུ་བཟུང་ནས་ཏང་ཡོན་ལས་བྱེད་པར་ཉེན་བརྡ་གཏོང་བ་དང་། གཞི་ཐིག་གསལ་པོ་ཤེས་སུ་འཇུག་པ། བརྩི་བཀུར་ཞུ་ཤེས་པ་བཅས་བྱས་ཏེ།  སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྣང་ཚུལ་དང་ལས་སྒྲུབ་ལས་སྐྲུན་གྱི་ཁོར་ཡུག་བཟང་པོ་རྒྱུན་མཐུད་ངང་བསྐྲུན་དགོས་ཞེས་བསྟན་ཡོད།

  ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་། ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝང་ཡུས་པའོ་དང་།   ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཡུས་ཀང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིའུ་ཞའོ་ཁའེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།   ཞིང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཧྥེང་ཀྲི་ལིས་ཚོགས་འདུ་གཙོ་སྐྱོང་གནང་།  ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས་ནས་སློབ་སྟོན་གནང་ཡོད། 

ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣས་ཉེན་བརྡའི་སློབ་གསོའི་གློག་བརྙནཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་གྱིས་མགོ་སྐོར་གཏོང་བའི་ཉེན་བརྡ་གཏོང་བའི་ཟིན་ཐོབལྟས་ནས་ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་གྱི་གཡོ་ཐབས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ཉེ་འགྲམ་གྱི་མིའི་ཉེ་འགྲམ་ནས་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རྩ་འཛུགས་ལ་བརྟེན་པ་དང་། རྩ་འཛུགས་ལ་བཀུར་ཞིང་སྐྲག་པ། ཆབ་སྲིད་ཀྱི་རིག་པ་གསལ་པོ་རྒྱུན་འཁྱོངས་བཅས་བྱས་ཏེ་ཡང་དག་པའི་ལམ་དང་ཉི་འོད་ཀྱི་ལམ་དུ་བསྐྱོད་དེ་གློག་བརྙན་ནང་གི་མིའི་ནོར་འཁྲུལ་མི་ཐོན་པ་བྱས་ཡོད།

ཝང་ཉིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཝང་ཉིང་གིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་ཚུན། ཞིང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་གཏོང་བ་དང་། ཏང་ཀྲུང་དབྱང་གིས་ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་འཐབ་ཇུས་དང་བྱེད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་ནན་ཏན་བྱེད་པ། སྤྱོད་གཙང་ཡུན་ནན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པས། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་སྣང་ཚུལ་རྒྱུན་མཐུད་ནས་བཟང་ཕྱོགས་སུ་འཕེལ་བཞིན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་གྱི་གནོད་སྐྱོན་མང་པོ་ངོས་འཛིན་གཏིང་ཟབ་བྱེད་དགོས། དོགས་ཟོན་ཆེར་གཏོང་དང་། དོགས་ཟོན་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་བ། སྒྲིག་ཁྲིམས་ནན་སྲུང་དང་མགོ་བདེ་སྐབས་འཚོལ་དང་ལེན་མི་བྱེད་པ། ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་ལ་མཐའ་གཅིག་ཏུ་བཀག་འགོག་དང་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ་ཁོར་ཡུག་ནན་པོ་སྐྲུན་པ་དང་དར་སྲོལ་བཟང་པོ་ཞིག་འཛུགས་དགོས་ཞེས་བསྟན་ཡོད། 

ཝང་ཉིང་གིས་ནན་བཤད་གནང་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆད་གཅོད་ནན་པོ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱས་ཏེ། ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་འཚོ་གནས་བྱེད་ས་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པ་བཟོ་བ་དང་།ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་ལ་ཚོང་ར་གང་ཡང་ཡོད་མི་ཆོག ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་ལས་བྱེད་པར་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་གསོ་རྒྱག་པ། སེམས་ཤུགས་ཡོད་ཚད་བཀོལ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། གནད་དོན་ཐག་གཅོད་པ་བཅས་ཀྱི་ཐད་སྤྱོད་དགོས། “བཟོད་བསྲན་གཏན་ནས་མི་གཏོང་བའི་”རྣམ་འགྱུར་མཐའ་འཁྱོངས་དང་། མཉམ་འབྲེལ་ཐོག་ཆད་གཅོད་བསླབ་འདོམས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རུལ་སུང་ཞིབ་བཤེར་དང་བཅོས་སྐྱོང་མཉམ་དུ་སྒྲུབ་ནས་མགོ་སྐོར་འོག་ཚུད་རིགས་མཉམ་དུ་ཞིབ་བཤེར་དང་འགན་མི་འཁུར་མཁན་ལ་ཆད་པ་ནན་མོ་གཅོད་དགོས། ལམ་ལུགས་དམ་པོར་འཛུགས་པ་དང་།དབང་ཆ་འཁོར་སྐྱོད་ཀྱི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ཚད་ལྡན་དུ་གཏོང་དགོས།    “གཙོ་འགན་འཁུར་མཁན་”གྱི་དབང་ཆར་དམ་པོར་དམིགས་ཏེ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་གཅུན་ནན་པོ་དང་། རང་འགན་ནན་འཁུར། དོ་དམ་ནན་སྒྲུབ་བཅས་བྱེད་དགོས། སྤྱོད་གཙང་ཡུན་ནན་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ་གཏོང་བ། སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ནས་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།


ཞིང་ཨུའི་རྒྱུན་ཨུའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མི། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་བཅས་ཚོགས་འདུར་ཞུགས་ཡོད། ཞིང་ཆེན་རིམ་པའི་སྡེ་ཁག་གི་ཏང་ཙུའུ་ཏང་ཨུདང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན། ཡུན་ནན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཨུ་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད། གྲོས་ཚོགས་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་རིམ་པའི་བར་དུ་འཚོགས་ཡོད།