རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་9ཚེས་28ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཞིང་ཨུའི་སྐོར་ཞིབ་ཚོ་ཆུང་བརྒྱད་པའི་ལྡོག་འདྲེན་བསམ་འཆར་དང་ཞིང་ཨུའི་ཆབ་སྲིད་ཀྱི་སྣང་ཚུལ་གནས་སྡོད་བརྟག་ཞིབ་ལྡོག་འདྲེན་གནད་དོན་བཅོས་སྒྲིག་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་དང་ཞུས་སི་སི་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་ཞིང་ཨུའི་སྐོར་ཞིབ་ཚོ་ཆུང་བརྒྱད་པས་བདེ་ཆེན་ཁུལ་གྱི་ལྡོག་འདྲེན་བསམ་འཆར་དང་ཞིང་ཨུའི་ཆབ་སྲིད་སྣང་ཚུལ་གནས་སྡོད་བརྟག་ཞིབ་ཕྱིར་ལྡོག་དང་འབྲེལ་ཡོད་ཀྱི་གནད་དོན་བཅོས་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་རེད།
ཚོགས་འདུའི་ཐོག་ཞིང་ཨུའི་སྐོར་ཞིབ་སོགས་རིགས་ཁག་གི་ལྡོག་འདྲེན་གནད་དོན་བཅོས་སྒྲིག་ལ་དམ་འཛིན་བྱེད་པ་ནི་ནི་“འདུ་ཤེས་བཞི”དང་“སྲུང་སྐྱོང་གཉིས”ལག་ལེན་དུ་བསྟར་བའི་ཚད་ཤིང་གཙོ་བོ་ཡིན། ནན་ཏན་གྱིས་བཅོས་སྒྲིག་ཇུས་གཞི་ལ་ཤན་སྦྱར་བྱས་ནས་རིམ་ཁག་ཏང་ཨུའི་(ཏང་ཙུའུ་)ཡི་འགན་འཁྲི་གཙོ་བོ་དང་། འགན་ཁུར་བློ་མཐུན་གཙོ་བོས་འགན་འཁྲི་འཁུར་མཁན་ཨང་དང་པོའི་འགན་འཁུར་བ། འགོ་ཁྲིད་གཙོ་བོའི་ཚན་ཁག་གི་མི་སྣས་ལས་རྐང་གཅིག་ལ་འགན་འཁུར་གཉིས་འཁུར་བ་དང་། སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་འགན་ལེན་སྣ་ཚོགས་ཕྱིར་ལྡོག་བཅོས་སྒྲིག་གནད་ལ་འཁེལ་བ་དང་བཅོས་སྒྲིག་མཐར་ཕྱིན་ཡོང་བར་འགན་ལེན་བྱ་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་ཞིང་ཨུའི་སྐོར་ཞིབ་སོགས་རིགས་ཁག་གི་ལྡོག་འདྲེན་གནད་དོན་བཅོས་སྒྲིག་ནི་གཟབ་ནན་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན།རང་འགུལ་གྱིས་ཡོ་བསྲང་བྱེད་དགོས་པ་དང་། ནན་ཏན་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག》སོགས་གཏན་འབེབས་བླང་བྱ་ཤན་སྦྱར་བྱས་ནས་ཏན་ཏིག་གིས་ལྡོག་འདྲེན་གནད་དོན་བཅོས་སྒྲིག་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན། བཅོས་སྒྲིག་ལས་དོན་དུས་དང་རྣམ་པ་ཀུན་ཏུ་སེམས་ནང་འཇོག་པར་དམ་འཛིན་བྱེད་དགོས། བཅོས་སྒྲིག་ལ་དམིགས་ནས་ངེས་པར་དུ་“ཁྱོན་ཡོངས་ལ་བཅོས་སྒྲིག་བྱེད་དགོས། ཇུས་གཞི་ཡང་དག་གསེད་བཀྲོལ་དང་གོ་རིམ་ཡོངས་ཀྱི་བརྒྱུད་རིམ་རྩིས་ཐོ་རེ་རེར་དམིགས་ནས་ཞིབ་འཇུག་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་། རྒྱུན་གཏན་ཅན་གྱི་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་སྟེ་བཅོས་སྒྲིག་གྱི་འགན་འཁྲི་དོན་འཁྱོལ་དང་། ལས་འགན་ཐོན་དུ་འཇུག་དགོས། ཡུན་རིང་བོར་བཅོས་སྒྲིག་བྱས་ནས་གཏན་འཇགས་བཅོས་སྒྲིག་གྲུབ་འབྲས་ཕྱོགས་སྡོམ་དང་། ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཡུན་རིང་བཅོས་སྒྲིག་བྱ་དགོས་པ་དང་ཡོངས་ཁྱབ་ཏུ་གནས་པའི་གནད་དོན་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་བརྟེན་ནས་ལམ་ལུགས་གཏན་འབེབས་བྱས་ཏེ་གནད་དོན་བཅོས་སྒྲིག་གནད་ལ་འཁེལ་བ་དང་བཅོས་སྒྲིག་མཐར་ཕྱིན་པ་བྱེད་པར་སྐུལ་འདེད་གཏོང་དགོས། མཉམ་འགུལ་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཁུལ་དང་རྫོང་(གྲོང་ཁྱེར)དང་། སྡེ་ཚན་མཉམ་འགུལ། མཉམ་འགུལ་བཅོས་སྒྲིག་ལས་དོན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྣེ་ཁྲིད་སྡེ་ཚན་གྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་འདོན་དགོས།འགན་ལེན་ཚན་ཁག་གིས་ནན་ཏན་གྱིས་འགན་སྒྲུབ་བྱ་དགོས་པ་དང་། བཅོས་སྒྲིག་གི་མཉམ་ཤུགས་ཆགས་པར་བྱ་དགོས། ཕན་འབྲས་ཐོན་པར་བྱས་ནས་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་ལས་དོན་སྐུལ་འདེད་གཏོང་བའི་དམ་འཛིན་ས་གལ་ཆེན་དུ་བརྩིས་ནས་ཏན་ཏིག་གིས་གནད་དོན་བཅོས་སྒྲིག་གི་གྲུབ་འབྲས་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་དགོས་པ་དང་། བཅོས་སྒྲིག་གྲུབ་འབྲས་དེ་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བསྒྱུར་དགོས་ཞེས་བསྟན་ཡོད།
ཁུལ་རིམ་པའི་འབྲེལ་ཡོད་འགོ་ཁྲིད་བཅས་ཚོགས་འདུར་ཞུགས་ཡོད།