རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ9པའི་ཚེས27ཉིན། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་སྟེ།འབྲི་ཆུའི་ཡུལ་སྐོར་དཔལ་འབྱོར་ཁུལ་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་་ཟླ་འོད་ཐང་ཆེན་དུ་འཚོགས། འབྲི་ཆུ་རྒྱུག་ཁུལ་གྱི་བདེ་ཆེན་དང་།ས་དམ།ཁྲུའུ་ཞུང་།ཏ་ལི།ཆུས་ཅིན།ཀྲའོ་ཐུང་སོགས་གྲོང་ཁྱེར་དང་དེ་བཞིན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་དང་།འབྲེལ་ཡོད་ཁེ་ལས་དང་།ལས་རིགས་མཐུན་ཚོགས།སྨྱན་སྦྱོར་སོགས་སྐུ་མགྲོན་མཉམ་དུ་འཛོམས་ནས་མཉམ་ལས་མཉམ་གྲོས་དང་།འཕེལ་རྒྱས་དོན་གཉེར་བྱས་པ་རེད།
འོས་སྦྱོར་ཚོགས་འདུའི་ཐོག བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འབྲི་ཆུའི་ལམ་རྒྱུད་ཀྱི་ཁུལ་དང་གྲོང་ཁྱེར་ཁག་ལ་གྲོས་འགོ་བཏོན་ནས་ལམ་རྒྱུད་ཀྱི་ཁུལ་དང་གྲོང་ཁྱེར་གྱིས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་མཐུན་སྦྱོར་འཕེལ་རྒྱས་བཏང་སྟེ“སྣོད་བཅུད་མཛེས་སྡུག་དང་།རིག་གནས་ཟབ་ཚད།ཞབས་ཞུ་སྤུས་ལེགས།མྱོང་རོལ་ཐུན་མིན་བཅས”ཀྱི་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་མཉམ་དུ་བསྐྲུན་རྒྱུ་རེད།
ཡུལ་དངོས་སུ།ཁྲུའུ་ཞུང་དང་།ས་དམ།ཡུས་ཞི།ཆུས་ཅིན།ཀྲའོ་ཐུང་།ཆབ་མདོ་སོགས་ཀྱིས་མི་རིགས་ཀྱི་གླུ་གར་དང་རིག་གནས་ཡུལ་སྐོར་འོས་སྦྱོར་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཕྱོགས་མང་ཐད་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་མངོན་པར་བྱས་ཡོད།དེ་ལས་གཞན། “ཧྲན་ཧའེ་ཡུའུ་”ཚོགས་པ་དང་།ཤྭ་ཁ་རི་བོའི་མཛེས་ལྗོངས་ཁུལ།འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་སོགས་ཁྱད་ལྡན་རྣམ་གྲངས་ཀྱང་ཆེད་དོན་འོས་སྦྱོར་བྱས་པ་རེད།
འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག་བདེ་ཆེན་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ཅུས་དང་ཐེང་ཤུན་ཚན་རྩལ(ཧྲེན་ཀྲེན)ཚད་ཡོད་ཀུང་སི་དང་།ཁྲེང་ཏུའུ་ཡི་སུའོ་ཅན་སུའོ་ཏི་སྨྱན་སྦྱོར་ཚོགས་པ་ཚད་ཡོད་ཀུང་སི།ཁྲོན་ཏུའུ(པེ་ཅིང)རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི།ཡུན་ནན་ཧྭ་ཐེན་དྲ་རྒྱ(ཚོགས་པ)ཚད་ཡོད་ཀུང་སི།ཡུན་ནན་མེ་དབྱི་རྒྱལ་སྤྱིའི་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གུང་གསེང་ཡུལ་སྐོར་ལས་དོན་ཁང་ཚད་ཡོད་ཀུང་སི་བཅས་དང་གན་རྒྱ་བཞག་པ་རེད།ད་དུང་ཡུལ་དངོས་སུ་“པེ་ཅིང་ཡུན་ནན་ཁེ་ལས་ཚོང་ཚོགས་བདེ་ཆེན་འབྲེལ་གཏུག་ཁྲུའུ”ཡི་སྒོ་བྱང་བཀལ་བ་དང་བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིའི་བརྙན་འཕྲིན་ཐུང་གྲས《ངས་སེམས་ཀྱི་ཉི་ཟླ་ནས་ཅ་དངོས་རྙིང་པ་ཉམས་བཟོ་བྱེད》ཅེས་པའི་དྲ་ཐོག་ཏུ་ཁྱབ་བསྒྲགས་བྱས་པའི་དཔང་པོ་བྱས་པ་རེད།ཞིང་ཆེན་རིམ་པའི་ལས་ཁུངས་དང་ཁེ་ལས།མཐོ་རིམ་སློབ་གྲྭ་བཅས་ཀྱི་འབྲེལ་ཡོད་སྐུ་མགྲོན་དང་། རང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་མཚམས་སྦྱོར་ཚོགས་འདུར་ཞུགས་པ།