རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་9པའི་ཚེས་27ཉིན་གྱི་དགོང་མོར་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པའི་བྱེད་སྒོའི་གྲས་ཤིག་ཡིན་པའི་2025ལོའི་ཡུན་ནན་གྱི་དགོང་ཁའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐང་ཆེན་ཞབས་བྲོ་ཡི་མི་རིགས་མཐུན་སྒྲིལ་ཆེན་པོའི་མཉམ་སྤྲོ་སྐོར་འཁྲབ་དངོས་སུ་འགོ་ཚུགས་པ་རེད། ཞིང་ཆེན་ཡོངས་ཀྱི་ཁུལ16་(གྲོང་ཁྱེར་)དང་། བདེ་ཆེན་ཁུལ་གྱི་མི་རིགས་ཁག་གི་སྐོར་འཁྲབ་རུ་ཁག་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འཛོམས་ནས་མི་རིགས་ཀྱི་ཉམས་འགྱུར་གྱིས་ཡོངས་སུ་ཕྱུག་པའི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་ཡོད།