འཛམ་གླིང་ཐོག་ཟམ་པ་མཐོ་ཤོས་དང་པོ་སྟེ། ཀུའེ་ཀྲོའུ་ཧྭ་ཅང་གྲོག་རོང་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-30   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཟླ་9ཚེས་28ཉིན། འཛམ་གླིང་ཐོག་ཟམ་པ་མཐོ་ཤོས་དང་པོ་ཡིན་པའི་ཀུའེ་ཀྲོའུ་ཧྭ་ཅང་གྲོག་རོང་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད། ཧྭ་ཅང་གྲོག་རོང་ཟམ་ཆེན་ནི་ཀུའེ་ཀྲོའུ་ལིའུ་ཀྲི་ནས་ཨན་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ཞིང་། ཟམ་ཆེན་གྱི་རིང་ཚད་ལ་སྨི་2890དང་བརྒལ་ཚད་གཙོ་བོར་སྨི་1420ཡོད་པ་དེ་འཛམ་གླིང་གི་ཟམ་པ་མཐོ་ཤོས་དང་པོ་དེ་རེད། འདི་ནི་ཧྭ་ཅང་གྲོག་རོང་ཟམ་ཆེན་ཐོག་རླངས་འཁོར་འགྲོ་སྐྱོད་བྱེད་བཞིན་པ།