རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་9པའི་ཚེས་27ཉིན་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་དེ་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། བྱེད་སྒོ་དེས་རིག་གནས་ནི་བླ་སྲོག་དང་། རི་ཆུ་མཚམས་སྦྱོར་བྱེད་པ། ལུས་རྩལ་སྦྲེལ་ཐག་ཏུ་བརྩིས་ནས་འཛམ་གླིང་ལ་སེམས་ཀྱི་ཉི་ཟླ་ཞེས་པའི་མིང་བྱང་གསར་བ་ཞིག་སྤྲད་དེ། ཡུན་ནན་ཞེས་པའི་འཚོ་བ་རོལ་སྟངས་ཤིག་ཡོད་པ་སྟེ། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་མངོན་གསལ་དོད་པོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་རྟེན་ཐོན་ལས་དང་། དམངས་འཚོ་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད།
བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་དང་ཡུན་ནན་ཞིང་ཆེན་ཁང་ལུའེ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་ཁྱབ་ཅིང་ལི་ལི་ཅ་ལུང་གིས་ཤིས་ཚིག་གསུངས་པ་རེད།
ཡུན་ནན་སློབ་ཆེན་གྱི་སློབ་གཙོ་མ་ཝུན་ཧུའེ་དང་། ཡུན་ནན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ལིའུ་ཞའོ་ཐུང་། ཐུང་ཁྲེང་འགྲུལ་སྐྱོད་ཚོགས་པའི་CMOཔའེ་ཀྲི་ཝེ། ཡུན་ནན་ནོར་སྲིད་དཔལ་འབྱོར་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲུང་ཅུན། ཁུན་མིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཉིག་ཡུས་ཡུས། ཐེང་ཞོན་ཀུང་སིའི་ཐེང་ཞོན་རོལ་རྩེད་ལྷོ་ཁུལ་ཆེན་པོའི་འགན་འཁུར་པ་ཡུའེ་པིང་སོགས་འགོ་ཁྲིད་ཚོགས་འདུར་ཞུགས་པ་དང་འབྲེལ་ཐུན་མོང་ཐོག་འགོ་ཚུགས་མཛད་སྒོར་འགོ་ཚུགས་པ་རེད།
བདེ་ཆེན་ཁུལ་གྱི་འགོ་ཁྲིད་ཕེང་ཧྲན་དང་། ཞུས་སི་སི། ལི་ཡན་ལན།མེའོ་ཡིའུ་ཧྥ་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་ཨུ་དང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱིས་ཚབ་བྱས་ནས་ཚང་མ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཁོང་གིས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་གཉེར་བ་ནས་བཟུང་རང་ཁུལ་གྱིས་རྣམ་གྲངས་དང་། བྱེད་སྒོ དྲིལ་བསྒྲགས་ངོ་སྤྲོད། ཚོང་འདྲེན། ཁེ་ལས་ཞབས་ཞུ་བཅས་གཞི་འཛིན་ས་དྲུག་མངོན་གསལ་ཇེ་དོད་དུ་བཏང་ནས་དེང་རབས་ཀྱི་ཡུལ་སྐོར་ལས་རིགས་མ་ལག་འཐུས་ཚང་ཞིག་མགྱོགས་མྱུར་ངང་འཛུགས་པ་དང་། རིག་གནས་ཡུལ་སྐོར་དང་། བེ་ཤའི་ལྗོངས་རྒྱུ། ཨ་རག་བཟོ་ཁང་གི་གསང་བ་འཚོལ་ཞིབ་བྱེད་པའི་ཡུལ་སྐོར་ལམ་ཐིག་བཟོས་ནས་མངོན་མེད་རིག་གནས་ཤུལ་བཞག་ཉམས་ལེན་དང་། མི་རིགས་གླུ་གར་འགྲེམས་སྤྱོད། བོད་སྨན་རིག་གནས་ཉམས་ལེན་སོགས་ཡུལ་སྐོར་དང་མཉམ་འདྲེས་བྱས་ཤིང་། གངས་རྩེད་དང་འདབ་ཆགས་ལ་བལྟ་བ། གངས་རིའི་ཉི་ཟེར་ལ་བལྟ་བ། བཟོ་ལས་ཡུལ་སྐོར་སོགས་ཀྱི་ཐོན་རྫས་བཟོས་ཡོད། འཛམ་གླིང་རིམ་པའི་རྐང་ཐང་འགྲོ་ས་བསྐྲུན་ཞིང་། ཞིང་ལས་རིག་གནས་དང་དེ་ཡུལ་སྐོར་གྱི་རྣམ་པ་གསར་པར་འདྲེས་པར་བྱས་ཏེ། ཡུན་ནན་ནུབ་བྱང་དང་། སེམས་ཀྱི་ཉི་ཟླ་ཆེན་པོའི་ས་ཁོངས། འབྲི་ཆུའི་ཡུལ་སྐོར་དཔལ་འབྱོར་རྒྱུད་ཀྱིས་ཁུལ་(མཉམ་འདྲེས་)དང་མཉམ་ལས་གཏིང་ཟབ་ཏུ་བཏང་བས། རིག་གནས་ཡུལ་སྐོར་གྱི་ཐོན་རྫས་དང་། ལས་རྣམ། རྣམ་པ་བཅས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། སྤུས་རྟགས་ལ་སྔར་ལས་གསོན་ཤུགས་རྒྱས་ཡོད། ཡུལ་སྐོར་ཁྲོམ་ར་སྔར་བས་ཚད་ལྡན་དུ་ཕྱིན་པ་དང་། དཔལ་འབྱོར་སྐུལ་ཁྲིད་སྔར་བས་མངོན་གསལ་ཇེ་དོད་དུ་ཕྱིན་ཡོད།ཞིང་ཆེན་ཕྱི་ནང་གི་སྤུན་ཟླ་ཁུལ(གྲོང་ཁྱེར་)དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་དང་མཉམ་དུ་སེམས་ཀྱི་ཉི་ཟླ་ཆེན་པོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཁུལ་ཆེ་རུ་གཏོང་བའི་གོ་དོན་དང་ཤུགས་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་གྲོགས་པོ་སྤྲོ་སེམས་འཁོལ་བའི་ངང་བདེ་ཆེན་དུ་གདན་འདྲེན་ཞུས་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱ་རྒྱུའི་རེ་སྒུག་ལྷག་བསམ་རྣམ་དག་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།
ལི་ཅ་ལུང་གིས་ཁང་ལུའེ་ཚོགས་པས་ཡུལ་སྐོར་+་ཐོན་ལས་འཁོར་འབྲེལ་སྡེབ་སྒྲིལ་དང་ཕྱོགས་ངེས་གཉེར་ཚོང་།ཐོན་རྫས་གསར་སྤེལ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྒོར་ཁྲི་200ལྷག་ཙམ་གྱི་གཟིགས་སྐྱོང་ཕན་ཆ་ཆེ་བ་བཏོན་ནས་གངས་འཁྱགས་ཉམས་ལེན་དང་། རྐང་ཐང་ཉམས་རོལ། རང་བྱུང་ཞིབ་འཇུག འགག་རོང་གི་གསང་བ་འཚོལ་ཞིབ། མངོན་མེད་རིག་གནས་ཤུལ་བཞག་གི་ལག་རྩལ། འཁྱགས་འཁྱིལ་གྱི་རྗེས་ཤུལ་འཚོལ་ཞིབ་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་བསྐྲུན་ནས་ཐོན་ལས་འཁོར་འབྲེལ་ཐག་ཡོངས་དང་རྒྱུ་རྐྱེན་གཙོ་བོ་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་པ་བསྐྲུན་ནས་སྤུས་ལེགས་ལ་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཉམས་ལེན་མཁོ་འདོན་བྱས་ཏེ་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་རྒྱུ་དང་རོགས་རམ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་དུ་ཉིན་100་ཡི་སྤྲོ་སྣང་འཚོལ་བའི་བྱེད་སྒོ་ཞིབ་ཚགས་ངང་བཙུགས་ཡོད་པ་སྟེ། ཟླ་9པའི་ཚེས27ཉིན་ནས་ཚེས་29ཉིན་བར་གྱི་བྱེད་སྒོ་གཙོ་གྲས་ནས་རྒྱལ་སྟོན་དུས་ཆེན་གྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་དང་དེ་བཞིན་ཟླ་10པ་དང་། ཟླ་11པ། ཟླ་12པ་བཅས་ཀྱི་སྣུར་སྲིང་བྱེད་སྒོ་བཅས་སུ་མི་རིགས་གླུ་གར་ཟློས་གར《ལོ་ངོ་སྟོང་གི་ལན་ཆ》དང་། ཁུལ་16(གྲོང་ཁྱེར་)ཀྱི་མངོན་མེད་རིག་གནས་ཤུལ་བཞག་བསྐོར་འཁྲབ། འབྲི་ཆུའི་ཡུལ་སྐོར་ངོ་སྤྲོད་སོགས་མུ་འབྲེལ་རིགས་འབྲེལ་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཚུད་ཡོད།
འགོ་ཚུགས་མཛད་སྒོའི་ཐོག་ཚེ་འདིར་བརྩེ་དུང་གཏན་འཁེལ་G214་ཞེས་པའི་དྲིལ་བསྒྲགས་ངོ་སྤྲོད་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་བརྗོད་བྱ་གཙོ་བོའི་ཡུལ་སྐོར་ལམ་ཐིག་ཁྱབ་བསྒྲགས་བྱས་པ་རེད། 《སེམས་ཀྱི་ཉི་ཟླར་རྩེད་ལ་འགྲོ》《བཀྲ་ཤིས་ཁྱིམ་གཞིས་》སོགས་ཁྱད་ཆོས་ལྡན་པའི་མི་རིགས་གླུ་གར་འཁྲབ་སྟོན་གྱིས་སྐུ་མགྲོན་དང་ཡུལ་སྐོར་བ་རྣམས་ལ་སེམས་ཀྱི་ཉི་ཟླའི་སྣ་མང་ཆེ་བའི་ཡིད་དབང་འཕྲོག་ཤུགས་མངོན་པ་རེད།
ཞིང་ཆེན་རིམ་པའི་ལས་ཁུངས་དང་། ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ། འབྲི་ཆུའི་ཡུལ་སྐོར་དཔལ་འབྱོར་རྒྱུད་ཁོངས་ཉེ་འགྲམ་ཁུལ་(གྲོང་ཁྱེར་)གྱི་འགོ་ཁྲིད་དང་འབྲེལ་ཡོད་ཁེ་ལས། གསར་འགྱུར་སྨྱན་སྤྱོད། ལས་རིགས་མཐུན་ཚོགས་གྱི་སྐུ་མགྲོན་བཅས་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི་ཁུལ་16(གྲོང་ཁྱེར་)ནས་ཡོང་བའི་ཕུལ་བྱུང་མང་ཚོགས་རིག་གནས་ཚོགས་པ་གདན་ཞུས་ལྟར་དུས་ཆེན་ནང་ཞུགས་ཡོད།