རང་རྒྱལ་དུ་རྩལ་ནུས་ངལ་རྩོལ་པ་ཁྱོན་དུང་ཕྱུར་2.2ལྷག་ཙམ་ཟིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-30   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

     ཉེ་ཆར། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ཞིང་། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་9200ལ་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ་དང་། ཁྲོམ་རའི་འཕེལ་ཕྱོགས་དང་བསྟུན་ནས་ལས་རིགས་གསར་པ་72དང་རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི་ཁག་328ཁྱབ་བསྒྲགས་བྱས་ནས་རིགས་ཁག་གི་ཤེས་ལྡན་པའི་ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་ནུས་ཤུགས་ཡོད་རྒུས་འཕེལ་བར་བྱས་ཡོད།

    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གྲངས་གཞི་ལས་མངོན་པར། མིག་སྔར་རང་རྒྱལ་དུ་ཆེད་ལས་ལག་རྩལ་ཤེས་ལྡན་པ་ཁྲི་8000ལྷག་ཙམ་དང་རྩལ་ནུས་ངལ་རྩོལ་པ་ཁྱོན་དུང་ཕྱུར་2.2ལྷག་ཙམ་ཟིན་པ་དེའི་ནང་། རྩལ་ནུས་མཐོ་བའི་ཤེས་ལྡན་པ་ཁྲི་7200ལྷག་ཙམ་ཟིན་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པར་ཤེས་ལྡན་པའི་འདེགས་སྐྱོར་བརྟན་པོ་བྱས་ཡོད་པ་རེད།