རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-30   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
འདི་ནི“མེས་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི”མེ་ཏོག་སི་ར་ཆེན་པོ་ཡིན་པ།
ཟླ་9ཚེས་25ཉིན། 2025ལོའི“མེས་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི”མེ་ཏོག་སི་ར་ཆེན་པོ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བཤམས་ཤིང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དབུས་སུ“མེས་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི”མེ་ཏོག་སྟེགས་བུས་དགའ་སྟོན་གྱི་མེ་ཏོག་སི་ར་མཛེས་ལྗོངས་གཙོ་བོར་བྱས་པ་དང་། མེ་ཏོག་སྟེགས་བུའི་མཐིལ་ངོས་ཀྱི་ཚངས་ཐིག་ལ་སྨི་45ཡོད་པ་དེ་ཉི་མ་མེ་ཏོག་གི་རི་མོ་རེད། མེ་ཏོག་སྟེགས་བུའི་མཐོ་ཚད་ལ་སྨི་18དང་། སི་རའི་མཐོ་ཚད་ལ་སྨི་16 ཁོག་མའི་ཚངས་ཐིག་ལ་སྨི་12ཡོད། སི་རའི་ནང་སྨོན་འདུན་བཟང་པོ་མཚོན་པའི་མེ་ཏོག་སྣ་ཚོགས་བདམས་ནས་ཞི་བདེའི་ཕུག་རོན་གྱི་གཞི་རྒྱུ་དང་ཟུང་འབྲེལ་བྱས་ཏེ“ཞི་བདེ་འཕེལ་རྒྱས་དང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས”ཀྱི་རྣམ་པ་མངོན་ཡོད།