“སེམས་ཀྱི་ཉི་ཟླ་ཆེན་པོའི”རིག་གནས་ཡུལ་སྐོར་ཐོན་ལས་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-23   རྩོམ་ཁུངས།    སེསམ་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    ཟླ་9ཚེས་22ཉིན་2025ལོའི་“སེམས་ཀྱི་ཉི་ཟླ་ཆེན་པོ”རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་མཉམ་འབྲེལ་གྲོས་ཚོགས་ཀྱི་མཉམ་ལས་ཚོགས་འདུ་ཐེངས་གསུམ་པ་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་་ཏ་ལི་གྲོང་ཁྱེར་དུ་འཚོགས་པ་རེད། ཏ་ལི་དང་། ས་དམ། བདེ་ཆེན། ནུའུ་ཅང་། པའོ་ཧྲན། ཏེ་ཧུང་། ལིན་ཚང་བཅས་ཁུལ་བདུན་གྱི་ཏང་སྲིད་འགོ་ཁྲིད་དང་། རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱི་འགན་འཁུར་པ་གནས་འདིར་རུ་འཛོམས་ནས།  མཉམ་དུ་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་གོང་འཕེལ་ཕྱོགས་ལ་ཇུས་གཞི་མཉམ་འགོད་བྱས།

    ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཡུས་ཀང་ཚོགས་འདུར་ཞུགས་ཤིང་འབྲེལ་ཡོད་གཏམ་བཤད་གནང་བ་རེད།    ཏ་ལི་ཁུལ་ཨུ་ཧྲུའུ་ཅི་དབྱང་གོ་ཙུང་གིས་ཤིས་ཚིག་གསུངས་པ། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་། ས་དམ་གྲོང་ཨུའི་ཧྲུའུ་ཅི་ཕུའུ་ཅང་། ནུའུ་ཅང་ཁུལ་ཨུའི་ཧྲུའུ་ཅི་ཧུང་ཝུའེ་ཀྲི། ཏེ་ཧུང་ཁུལ་ཨུའི་ཧྲུའུ་ཅི་ཝང་ཡུན་ཧྥེ། ལིན་ཚང་གྲོང་ཨུའི་ཧྲུའུ་ཅི་ཏུའུ་ཅན་ཧུའེ། པའོ་ཧྲན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ལི་ཤིན་ཝེ་བཅས་ཚོགས་འདུར་ཞུགས་ཡོད་ལ་འབྲེལ་ཡོད་གཙོ་དོན་གཏམ་བཤད་གནང་བ་རེད།    ཚོགས་འདུའི་ཐོག་གཙོ་དོན་གཏམ་བཤད་དང་། གྲོས་འགོ་ཁྱབ་བསྒྲགས་བྱེད་པ། གསལ་རྟོགས་སྙན་ཞུ་ཁྱབ་བསྒྲགས་བྱེད་པ། རིག་གནས་དང་ཡུལ་སྐོར་དྲིལ་བསྒྲགས་ངོ་སྤྲོད་སོགས་ལྷུ་ཚིགས་བཀོད་སྒྲིག་བྱས་པ་དེའི་དམིགས་ཡུལ་ནི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་ཁོངས་ཀྱི་རིག་གནས་དང་ཡུལ་སྐོར་སྤུས་རྟགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཆེད་ཡིན་པ་རེད། ཚོགས་འདུའི་ཐོག་ས་གནས་ཁག་གི་ཏང་སྲིད་འགོ་ཁྲིད་དང་ལས་རིགས་རིགས་གཅིག་མཁས་ཅན་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་ལས་རྣམ་གསར་གཏོད་ཀྱི་ཉམས་མྱོང་དང་བྱེད་སྟངས་མཉམ་དུ་སྤྱོད་པ་དང་། ཁྱབ་བསྒྲགས་བྱས་པའི“སེམས་ཀྱི་ཉི་ཟླ་ཆེན་པོའི”རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་གོང་འཕེལ་མཉམ་འབྲེལ་གྲོས་འགོའི་ནང་འབྱུང་འགྱུར་ས་ཁོངས་མཉམ་ལས་ཀྱི་འབྲེལ་ཡོད་གཙོ་གནད་ཁ་གསལ་བཟོས་པ། “སེམས་ཀྱི་ཉི་ཟླ་ཆེན་པོའི”ཡུལ་སྐོར་གྲངས་གཞི་ཆེན་པོའི་གསལ་རྟོགས་སྙན་ཞུའི་ནང་གཞི་གྲངས་དབྱེ་ཞིབ་བྱས་ནས་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་དང་འཛད་སྤྱོད་ཁྲོམ་ར་གསོ་སྐྱོང་བྱ་རྒྱུར་དཔྱད་གཞི་མཁོ་འདོན་བྱས་པ། འབྲེལ་ཡོད་ཁུལ་དང་གྲོང་ཁྱེར་ཡུལ་སྐོར་ལས་རིགས་མཐུན་ཚོགས་དང་རིག་གནས་ཡུལ་སྐོར་ཁེ་ལས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཐད་སྤེལ་རེས་བྱས་ནས་མཉམ་ལས་བསམ་འདུན་ལ་སྐུལ་འདེད་བཏང་ཡོད།    “སེམས་ཀྱི་ཉི་ཟླ་ཆེན་པོ”ཞེས་པའི་ས་ཁུལ་་གྱི་རང་བྱུང་མཛེས་ལྗོངས་མཛེས་སྡུག་ལྡན་པ་དང་། མི་རིགས་ཀྱི་རིག་གནས་སྣ་མང་ཆེ་བ། ཁྱད་ཆོས་ལྡན་པའི་ཞིམ་ཟས་ཡིད་དབང་འཕྲོག་པ། བྱེས་སུ་སྡོད་པའི་ཐོན་ཁུངས་སུམ་ཚོགས་པ། དེ་ནི་“ཡུན་ནན་ཞེས་པའི་འཚོ་བ་ཞིག་ཡོད་”ཞེས་པའི་མཛེས་སྡུག་ལྡན་པའི་སྒེའུ་ཁུང་ཞིག་རེད། “སེམས་ཀྱི་ཉི་ཟླ་ཆེན་པོ”ཡི་རིག་གནས་ཡུལ་སྐོར་མཉམ་འབྲེལ་གྲོས་ཚོགས་ལམ་སྲོལ་འཁོར་སྐྱོད་བྱས་པའི་ལོ་གསུམ་རིང་ཁོངས་མི་སྡེ་ཚན་ཁག་གིས་མཉམ་ལས་དམ་ཟབ་བྱས་ནས་ཐོན་ཁུངས་ཀྱི་སྡེབ་སྒྲིལ་དང་། སྤུས་རྟགས་རྒྱ་ཆེར་སྤེལ་བ། ཁྲོམ་ར་ཐུན་མོང་འཛུགས་སྐྲུན་སོགས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ས་ཁོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཞེ་ཁྲེང་གི་གྲངས་གཞིར་བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་1པ་ནས་ཟླ་8པའི་བར“སེམས་ཀྱི་ཉི་ཟླ་ཆེན་པོའི”ཁུལ་(གྲོང་ཁྱེར་)བདུན་གྱིས་དྲ་ཐོག་ཡུལ་སྐོར་སྣེ་ལེན་བྱེད་མཁན་མི་ཐེངས་དུང་ཕྱུར་1.38ཟིན་ཡོད་པ་རེད།