པོ་ཏ་མཚོའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཡུན་ནན་ནུབ་བྱང་གི་རི་ཚོགས་ཀྱི་བར་དུ། པོ་ཏ་མཚོ་མཛེས་ལྗོངས་ཁུལ་ནི་མཐོ་སྒང་གི་གནའ་བོའི་མུ་ཏིག་རྡོག་གཅིག་དང་འདྲ་བར་ས་མཐོའི་སྐྱེ་ཁམས་ཀྱི་གདོད་མ་དང་དྭངས་གཙང་སྦས་ཡོད་པས། མི་གྲངས་མང་པོའི་སེམས་ནང་གི“རྒྱང་རིང་དང་སྙན་ངག་”ཏུ་གྱུར་ཡོད། ཞོ་མདོ་མཚོ་དང་པོ་ཏ་མཚོ་གཉིས་དྭངས་ཤིང་གསལ་ལ་དྲི་མ་མེད། མཚོ་ངོས་སུ་ལྡོག་ཏུ་འཕྲོས་བྱས་ཡོད་པའི་གནམ་སྔོན་པོ་དང་སྤྲིན་དཀར་པོ། ཚང་ཚིང་གི་ནགས་ཚལ་སོགས་ཀྱིས་ཡུལ་འདིའི་དམིགས་གསལ་གྱི་འཆམ་མཐུན་གྱི་རང་བྱུང་གི་མཛེས་རིས་ཤིག་གྲུབ་ཡོད།