རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་9ཚེས་17ཉིན་ཁུལ་སྲིད་གཞུང་གིས་འཇོལ་རྫོང་ཡེ་ཀྲི་གྲོང་རྡལ་དུ་འཇོལ་རྫོང་མཁར་ཉེན་འགོག་གནས་སྤོ་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་15པ་འཚོགས་པ་དང་འབྲེལ་ཡོད་ལས་དོན་སྐུལ་འདེད་གཏོང་ཚུལ་གྱི་སྙན་ཞུ་ཉན་པ་དང་ཞིབ་འཇུག་བྱས་ནས་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བླང་བྱ་རེ་བཏོན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ཚུགས་གནས་ལ་མཐོར་འདེགས་བྱས་ཏེ། ལས་ཀའི་ཛ་དྲག་གི་འདུ་ཤེས་དང་འགན་འཁྲི་ཁུར་སེམས་ཇེ་ཆེར་གཏོང་དགོས། དུས་ཚོད་དང་སྦྲེལ་ཚིགས་ལ་དོ་སྣང་དམ་ཟབ་བྱས་ཏེ། ལས་ཀའི་ཐབས་ལམ་ཞིབ་ཕྲ་བྱས་ཏེ། འགན་འཁྲི་དེ་བྱེ་བྲག་མི་སྣའི་སྟེང་དུ་འཇོག་པ་དང་། ཚད་གཞི་མཐོ་བ་དང་། བླང་བྱ་ནན་པོ། དབྱངས་འགྲོས་མྱུར་པོ་ལས་ཕྱོད་ཆེ་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ས་ཞིང་བསྡུ་ལེན་བཤིག་སྤོའི་འགག་སྒྲོལ་ལས་དོན་གང་མགྱོགས་ལེགས་གྲུབ་བྱས་ཏེ། ཁྱོན་ཡོངས་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་དགོས། ལས་ཀའི་དུས་ཚོད་རེའུ་མིག་དང་ལམ་རིས་སྔར་བས་ཞིབ་ཕྲ་དང་འཐུས་ཚང་དུ་གཏོང་བ་དང་། ལས་ཀའི་ལས་འགན་ཁག་ལས་གནས་ཞིབ་ཕྲ་དུ་དབྱེ་འབྱེད་དང་བྱེ་བྲག་གི་མི་སྣ་དུ་དོན་འཁྱོལ་བྱས་ཏེ། ལེགས་འགྲུབ་ཀྱི་དུས་ཚད་དང་ལས་ཀའི་ཚད་གཞི་ཁ་གསལ་བཟོས་ཏེ། “ཉིན་ལ་བརྟེན་ནས་གཟའ་འཁོར་སྲུང་བ་དང་། གཟའ་འཁོར་ལ་བརྟེན་ནས་དུས་མཚམས་སྲུང་བ། དུས་མཚམས་ལ་བརྟེན་ནས་ཟླ་བ་སྲུང་བ”ཞེས་པའི་ལས་ཀའི་འདུ་ཤེས་ལྟ་བ་བསམ་གཞི་འཛུགས་དགོས། ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་འགོད་བཅས་ཀྱིས་ཕྱོགས་ཡོངས་ནས་ལས་ཀའི་ལས་འགན་ཁག་དོན་འཁྱོལ་མགྱོགས་སུ་གཏོང་དགོས། གོང་ལ་སྙན་སེང་ཞུ་བར་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱ་བ། རྒྱུ་རྐྱེན་གཙོ་བོ་འགན་སྲུང་དང་སྡེ་ཚན་གྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གོང་འོག་མཉམ་འགུལ་དང་། མཉམ་ལེན་མཉམ་འཛིན་དང་སྤྱི་སྒྲུབ་ཀྱི་ལས་ཀའི་འགྲིལ་ཤུགས་སྡོམ་ཤུགས་ཆགས་པ་བྱ་དགོས།
ཚོགས་འདུའི་ཐོག་ཁུལ་དང་རྫོང་གི་བཀོད་འདོམས་པུའུ་ཡིས་མཐུན་སྦྱོར་དང་སྐུལ་འདེད་ཀྱི་མཛུབ་ཁྲིད་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་ལས་དོན་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགག་གནད་དང་གནད་དོན་དུས་ཐོག་ལྟར་ཐག་གཅོད་བྱེད་དགོས། ནན་ཏན་གྱིས་ “ཁྱིམ་ཚང་གཅིག་ལ་ཡིག་ཚགས་གཅིག་དང་ཐབས་ཇུས་གཅིག”གི་གནད་ལ་འཁེལ་བའི་དོ་དམ་བྱེད་སྟངས་ནན་པོ་བྱས་ཏེ། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་ལས་དོན་ཡག་པོ་བྱས་ཏེ། སྲིད་ཇུས་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཀྱི་བརྟན་ལྷིང་འགན་ལེན་བྱ་དགོས། བདེ་འཇགས་ཀྱི་འོག་ཐིགམཐའ་གཅིག་ཏུ་སྲུང་དགོས་པ་དང་། ལས་གྲྭའི་སྤུས་ཚད་དང་ལྟ་སྐུལ་དོ་དམ་དང་བྲུག་འགོག་གི་གནོད་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། “1262”སྔོན་ཚུད་ཉེན་བརྡ་ལ་ལམ་སྲོལ་ཟུངས་ནུས་བྱ་ཐབས་ཞེས་པ་དོན་འཁྱོལ་ནན་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོགདང་རྒྨུ་ནོར་བདེ་འཇགས་འགན་སྲུང་བྱ་དགོས་པའི་ནན་བཤད་གནང་ཡོད།
ཧུའུ་ཧྥེ་ཞུང་དང་། ཞུས་ཀོང་ཏེ། ལི་ཐའོ། ཝན་ཏན་ཆིན། མཱ་གོ་ཀྲུང་། ཀྲོང་ཞའོ་ཕིན། དེ་བཞིན་ཁུལ་རིམ་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་པ་རེད། ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་བྱས་པ་དང་ཁུལ་སྲིད་གཞུང་གིས་ཡན་ལག་ཚོགས་འདུ་བཙུགས་ཡོད།