རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་9ཚེས་20ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་ཀྲེང་ཏ་ཚོགས་པའི་པེ་ཅིང་སྤྱི་ཁྱབ་པུའུ་རུ་ཚོང་འགུགས་རྟོག་ཞིབ་བྱེད་པར་སོང་ཤིང་། ཕྱོགས་གཉིས་གྱིས་སེམས་ཀྱི་ཉི་ཟླའི་གཏེར་ཆུའི་རྣམ་གྲངས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་རྒྱུན་མཐུད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་དོན་དག་ལ་དམིགས་ནས་གྲོས་བསྡུར་དང་སྤེལ་རེས་བྱས་པ་རེད།
ཀྲེང་ཏ་ཚོགས་པའི་བསླབ་རྒན་ཏུང་ཧྲི་ཀྲང་གཞོན་པ་ཞེ་དབྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། ལུའོ་ཁྲའོ་ཧྥེང་གིས་སྲིད་གཞུང་དང་ཁེ་ལས་ཕྱོགས་གཉིས་གྱིས་ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་དང་ཧྲེང་ཀྲང་ཝང་ཡུས་པོས་ཁུན་མིང་དུ་ཐེ་གོ་ཀྲེང་ཏ་ཚོགས་པའི་ཏུང་ཧྲི་ཀྲང་ཞེ་ཅི་རེན་དང་གྲོས་མོལ་བྱེད་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ཚད་གཞི་མཐོན་པོ་དང་དམིགས་ཚད་མཐོན་པོ་ལ་བརྟེན་ནས་འབྲེལ་ཡོད་མཉམ་ལས་དོན་དག་ལ་མཐོ་རིམ་གྱིས་སྐུལ་འདེད་གཏོང་དགོས། སྲིད་གཞུང་དང་ཁེ་ལས་ཀྱི་སྲུབས་མེད་འབྲེལ་མཐུད་དང་མཉམ་ལས་དམ་ཟབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་ལྷུ་ཚིགས་ཁག་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་ཏེ། ཁྲིམས་ལྟར་གྱིས་སྒྲིག་སྲོལ་ལྟར་སྔོན་འགྲོའི་ཆ་རྐྱེན་འོག་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། མངོན་འགྱུར་སྔ་ཙམ་བསྐྲུན་རྒྱུ་དང་། ཐོན་སྐྱེད་བྱེད་འགོ་ཚུགས་པ་སྔ་ཙམ་བྱུང་རྒྱུ། ཕན་འབྲས་སྔ་ཙམ་ཐོན་རྒྱུ། བདེ་ཆེན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས“སྲིད་གཞུང་ཀྱིས་ཁེ་ལས་ལ་བསྐོར་ནས་འཁོར་སྐྱོད་བྱེད་པ་དང་། ཁེ་ལས་ལ་དོན་དག་ཡོད་ན་འཕྲལ་དུ་སྒྲུབ་པའི”ཞབས་ཞུའི་འདུ་ཤེས་ལྟ་བ་བསམ་གཞི་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྣམ་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོ་འགན་སྲུང་ཡག་པོ་བྱེད་དགོས། ཀྲེང་ཏ་ཚོགས་པས་ཁེ་ལས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རིག་གནས་ཡུལ་སྐོར་དང་། ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས། ཟོག་འགྲེམས་ཉོ་ཚོང་སོགས་མངའ་ཁོངས་དང་བདེ་ཆེན་དབར་མཉམ་ལས་ཀྱི་བར་སྟོང་གསར་པ་རྒྱ་སྐྱེད་བཏང་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་ཕན་འབྲས་གསར་པ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞེ་དབྱིས་བདེ་ཆེན་ཁུལ་གྱིས་ས་གནས་དེ་གའི་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད། ཁོང་གིས་ཀྲེང་ཏ་ཚོགས་པས་བདེ་ཆེན་དང་མཉམ་ལས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ནུས་ཤུགས་ཡོད་རྒུས་འབྲེལ་ཡོད་ལས་དོན་ཡག་པོ་བྱས་ཏེ་ཁེ་ལས་ཀྱི་ལག་རྩལ་དང་ཁྲོམ་ར་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སེམས་ཀྱི་ཉི་ཟླ་གཏེར་ཆུ་དེ་འཛམ་གླིང་རིམ་པའི་སྤུས་རྟགས་ཤིག་ཏུ་དངོས་སུ་བསྐྲུན་ནས་མངོན་འགྱུར་ཀྱི་ས་གནས་དང་ཁེ་ལས་གཉིས་ཀར་ཁེ་བཟང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཀྲེང་ཏ་ཚོགས་པའི་ཏིང་ཀང་དང་ཚུའེ་ཝེ། ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་། ཧོང་ལུང་ཞིན། ཝན་ཏན་ཆིང་བཅས་ཞུགས་ཡོད་པ་རེད།