རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
བདེ་ཆེན་ས་མཐོའི་ཟླ་དགུ་པར། ལོ་ལེགས་བྱུང་བའི་གླུ་དབྱངས་བདེ་ཆེན་གྱི་ས་གཞི་ཆེན་པོར་ཁྱབ་ཅིང་། དེང་རབས་ཅན་གྱི་དྲོད་ཁང་ཆེ་མོའི་ནང་གི་སིལ་ཏོག་ཀྲོ་མ་ཀྲུ་ནས་གསེར་རླབས་འཕྱུར་བའི་ནས་ཞིང་བར་དང་། ཆུ་ཀུབ་དང་མདོག་བདུན་སེ་པན་སོགས་སྟོན་ཁའི་བདེ་ཆེན་དུ་ཞིང་ས་ཚང་མར་ལོ་ལེགས་བྱུང་བའི་རྣམ་པས་ཁེངས་ཡོད།
སེམས་ཀྱི་ཉི་ཟླ་རྒྱལ་ཐང་གྲོང་རྡལ་གྱི་ཀྲོ་མ་ཀྲུས་ས་བབ་མཐོ་བའི་འདེབས་འཛུགས་ཀྱི་རེ་བ་གསར་པ་མངོན་པ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་དེང་རབས་ཅན་གྱི་དཔེ་སྟོན་འདེབས་འཛུགས་ཁུལ་དུ། སིལ་ཏོག་ཀྲོ་མ་ཀྲུ་སྟར་པ་རེ་རེ་བཞིན་ནི་གསེར་གྱི་ལྒང་ཞུ་ལས་ཡལ་ག་རྒྱས་པ་འདྲ། འདི་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡིང་པ་ཏ་འདེབས་འཛུགས་ཚད་ཡོད་ཀུང་སིས་ཚོད་ལྟ་བྱས་ནས་བཏབ་པ་ཐོག་མ་ཡིན་ལ། ས་བབ་མཐོ་བའི་ས་ཁུལ་གྱི་སྤུས་ལེགས་ཤིང་འབྲས་གཞི་ཁྱོན་ཅན་དུ་འདེབས་འཛུགས་བྱེད་པར་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་མ་ཟད། “གསེར་གྱི་ས་བོན”ཞིག་དང་འདྲ་བར་གྲོང་གསེབ་དར་རྒྱས་གཏོང་བའི་ས་གཤིས་ཁྲོད་རྩ་བ་ཚུགས་ནས་མྱུ་གུ་འབུས་ཏེ་ས་མཐོའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད།
རྒྱལ་ཐང་གྲོང་རྡལ་ཧུང་ཕོ་གྲོང་ཚོར་ལོ་ལེགས་བྱུང་བ།
རྒྱལ་ཐང་གྲོང་རྡལ་ཧུང་ཕོ་གྲོང་ཚོར་སྐྱོད་སྐབས། ཡངས་པའི་ཞིང་ནང་གི་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་ཞིང་། གསེར་གྱི་ཐང་མ་བརྡལ་བ་ལྟར་སེར་ལམ་ལམ་བྱེད། ཞིང་པ་ཚོའི་གདོང་ལ་ལོ་ལེགས་བྱུང་བའི་དགའ་སྤྲོའི་འཛུམ་གྱིས་ཁེངས་ཡོད་པ་མཐོང་ཐུབ།
འཇོལ་རྫོང་ཡེ་ཀྲི་གྲོང་རྡལ་ལུའོ་ན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འདེབས་འཛུགས་རྟེན་གཞིའི་ནང་ཆུ་ཀུབ་སྨིན་ནས་ལོ་ལེགས་བྱུང་བ་དང་། མདོག་བདུན་སེ་པན་ད་དུང་ལོ་ལེགས་ཐོན་བཞིན་ཡོད།
གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། གྲོང་མིའི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་སྟེ། ལུའོ་ན་གྲོང་ཚོའི་ཏང་ཀྲི་པུས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི“སྣེ་ཁྲིད་མཁན”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲོང་ཚོ་དེ་གའི་གནམ་གཤིས་དང་ས་རྒྱུ་སོགས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས“ཏང་གི་སྤྱི་ཁྱབ་ཀྲི་པུའུ+རྟེན་གཞི+ཞིང་དུད”ཀྱི་བྱེད་སྟངས་བརྒྱུད་ནས། མུའུ་1.6གི་ཁྱད་ལྡན་འདེབས་འཛུགས་རྟེན་གཞི་བཏོད་པ་དེས་གྲོང་མི་ཚོར“སྒོ་འགྲམ་དུ་ལས་ཞུགས”ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་པ་མ་ཟད། མཉམ་སྡེབ་དཔལ་འབྱོར་འབབ་འཕར་གྱི“ཐབས་ལམ་གསར་པ”དེ་བས་འཚོལ་ཞིབ་ཀྱང་ཐུབ་ཡོད། ད་ཐེངས་ལུའོ་ན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འདེབས་འཛུགས་ཀྱི་ཆུ་ཀབ་ཐོན་ཚད་རྒྱ་མ་2000ཟིན་ནས་ཡོང་འབབ་སྒོར་6000བྱུང་ཡོད། མདོག་བདུན་སེ་པན་ཐོན་ཚད་རྒྱ་མ་600ཟིན་ནས་ཡོང་འབབ་སྒོར་ཁྲི་1ལས་བརྒལ་བ་དང་རྣམ་གྲངས་གཉིས་བསྡོམས་ན་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་1.6བྱུང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།
གཏེར་མ་རོང་ཤང་སྟོད་རྒྱུད་གྲོང་ཚོར་བདུན་ཅུ་ལ་སླེབས་པའི་རྒན་རྒོན་གྱི་མ་རྨོས་ལོ་ཏོག་ལ་ལོ་ལེགས་བྱུང་ནས་ཁྱིམ་ཚང་གི་འབབ་འཕར་ལ་དགའ་སྤྲོའི་འཛུམ་མདངས་འཕྱུར།
སེམས་ཀྱི་ཉི་ཟླ་གཏེར་མ་རོང་ཤང་སྟོད་རྒྱུད་གྲོང་ཚོས་ལོ་77ལ་སླེབས་པའི་བསྟན་འཕེལ་གྱིས་ནང་མི་དང་མཉམ་དུ་སེར་མདོག་གི་མ་རྨོས་ལོ་ཏོག་བསྡུ་ལེན་བཞིན་ཡོད། ད་ལོ་ཁྱིམ་གྱི་མུའུ་6གི་མ་རྨོས་ལོ་ཏོག་ཐོན་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ནང་མི་ཚང་མས་བྲེལ་འཚུབ་ངང་མ་རྨོས་ལོ་ཏོག་བསྡུ་ལེན་དང་དབོར་འདྲེན་བྱེད་བཞིན་ཡོད་པས་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་ཡོད། ལོ་ལེགས་བྱུང་བས་ཁྱིམ་ཚང་གི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། མ་འོངས་པ་ལ་དེ་བས་ཡིད་ཆེས་ཀྱིས་ཁེངས་ཡོད།