རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་18ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་ཁག་སྣེ་ཁྲིད་དེ་འཇོལ་རྫོང་དུ་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། ལས་ཡུལ་དངོས་ཀྱི་གྲོས་ཚོགས་གཙོ་སྐྱོང་བྱེད་དེ་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་གནས་ཡོད་པའི་གནད་དོན་ཞིབ་འཇུག། གོམ་སྟབས་རྗེས་མའི་གཙོ་གནད་ལས་ཀ་བཀོད་སྒྲིག་བཅས་བྱས་པ་རེད།
བརྟག་ཞིབ་བྱེད་རིང་དུ།ཀྲང་ཝེ་ཏུང་དང་བཅས་པས་ཞ་ཐཱ་ལུའོ་ཆུ་མཛོད་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་དང་། འཇོལ་ནས་འབའ་ལུང་བར་གྱི་གཞུང་ལམ་གྱི་ཡེ་ཀྲི་དུམ་བུའི་ལམ་ཐིག་སྒྱུར་བའི་ལས་གྲྭའི་རྣམ་གྲངས་ཀྱི་སྔོན་འགྲོའི་ལས་ཀ་སྐུལ་སྤེལ་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་དང་རྒྱུས་ལོན་ཞིབ་ཚགས་བྱས་པ་དང་།གནས་ཡོད་པའི་དཀའ་ངལ་དང་གནད་དོན་སྐོར་ཡུལ་དངོས་སུ་ཞིབ་འཇུག་དང་མཐུན་སྦྱོར་བྱས་པ། ཨར་ལས་སྡེ་ཚན་ལ་སྤུས་ཚད་འགན་སྲུང་དང་བདེ་འཇགས་འགན་སྲུང་བྱེད་པའི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པའི་སྒོས་ཨར་ལས་སྒྲིག་འཛུགས་དང་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་རྒྱུ་རྐྱེན་གཙོ་བོ་འགན་སྲུང་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན།
དེའི་རྗེས་སུ། ཀྲང་ཝེ་ཏུང་གིས་འཇོལ་རྫོང་སྲིད་འཛིན་ལྟེ་གནས་སུ་ཁུལ་སྲིད་གཞུང་གིས་འཇོལ་གྱི་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་བྱེད་པའི་ལས་ཡུལ་དངོས་ཀྱི་གྲོས་ཚོགས་གཙོ་སྐྱོང་བྱེད་དེ་འཚོགས་ཤིང་། གྲོས་ཚོགས་ཐོག་ཁུལ་བསྡོམས་རྩིས་ཅུས་ཀྱིས་འཇོལ་རྫོང་གི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྐོར་གྱི་བརྡ་ཁྱབ་དང་། ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱིས་གཏན་འཇགས་རྒྱུ་ནོར་མ་འཇོག་ལེགས་གྲུབ་གནས་ཚུལ་སྐོར་གྱི་བརྡ་ཁྱབ། དེ་བཞིན་འཇོལ་རྫོང་གིས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་དང་རྣམ་གྲངས་མ་འཇོག གནས་ཡོད་པའི་གནད་དོན་དང་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་སོགས་ཀྱི་སྙན་སེང་བཅས་ཉན་པ་དང་། ཁུལ་སྲིད་གཞུང་གི་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་ཀའི་བླང་བྱ་ཞིབ་ཚགས་བཏོན་པ་རེད།
ཀྲང་ཝེ་ཏུང་གིས་འཇོལ་རྫོང་གི་དཔལ་འབྱོར་ལས་ཀ་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་།ཁོང་གིས་བསྟན་དོན། ད་ལོ་ནས་བཟུང་། འཇོལ་རྫོང་གིས་བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་སྤྱིའི་རྩ་བ་མཐའ་འཁྱོངས་དང་འགྲན་སློང་མང་པོ་ལ་ཁ་གཏད་ཧུར་ཐག་བྱེད་པ། སྨན་རི་སོགས་འཛམ་གླིང་རིམ་པའི་སྤུས་རྟགས་ལ་བརྟེན་པ་དང་། རྒུན་འབྲུམ་སོགས་སྤུས་ལེགས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་ནས་རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་དང་ས་མཐོའི་ཁྱད་ལྡན་ཞིང་ལས་སྤུས་འདེགས་རིམ་སྤར་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཡོད། དཔལ་འབྱོར་དམིགས་ཚད་གཙོ་བོ་འཁོར་སྐྱོད་ལུགས་མཐུན་གྱི་བར་ཁོངས་ནང་དང་དཔལ་འབྱོར་རྒྱུན་འཁྱོངས་སྐྱོན་བྲལ་བརྟན་པོའི་ངང་འཕར་བའི་རྣམ་པ་བཟང་པོ་ཡོང་བར་སྐུལ་འདེད་བཏང་བ་དང་། ཁྱད་པར་དུ་འཇོལ་རྫོང་གྲོང་གི་ཉེན་འགོག་གནས་སྤོ་ལས་དོན་ཁག་ལ་འཕེལ་རྒྱས་གལ་ཆེན་བྱུང་བ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོདཔ་རེད།
ཀྲང་ཝེ་ཏུང་གིས་ནན་བཤད་གནང་དོན། ལོ་ཧྲིལ་པོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་སྤུས་ཚད་མཐོ་བའི་ངང་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་དམིགས་འབེན་ལས་འགན་གྲུབ་པ་དང་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཀྱི་འགོ་ཡག་པོ་ཚུགས་པ་ལ་འབྲེལ་བ་ཡོད། རྫོང་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཕན་སྐུལ་བྱ་དགོས། མིག་སྔར་དང་སླད་ཕྱིན་དུས་སྐབས་ངེས་ཅན་ཞིག་གི་དུས་བབ་དང་འགྱུར་ལྡོག་ལ་ངོས་འཛིན་དང་ཁོང་དུ་ཆུད་པ་ཡང་དག་བྱེད་དེ། ལོ་ངོ་སྟོང་དུ་འཕྲད་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དང་སྤུས་ལེགས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དགེ་མཚན་དེ་སྤུས་ཚད་མཐོ་བའི་གོང་འཕེལ་ཀྱི་འགུལ་ནུས་སྟོབས་ལྡན་ཞིག་ཏུ་ཏན་ཏིག་སྒྱུར་དགོས། ལོ་ཧྲིལ་པོའི་དམིགས་འབེན་ལ་དམ་པོར་དམིགས་ནས་“མི་ཚང་མ་ཨར་ལས་རུ་དཔོན་ཡིན་པ་དང་ཚང་མ་ལས་སྒྲུབ་མི་སྣ་ཡིན་པའི”འདུ་ཤེས་བཙུགས་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགག་བརྒལ་གསར་པ་མངོན་འགྱུར་བྱུང་བར་ཤུགས་རྒྱག་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཇོལ་གྱི་ལག་ལེན་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།