རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ད་ལོ་ནས་བཟུང་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་ཟོག་འདྲེན་ལ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་ཡོད། མིག་སྔར། 2025ལོའི་བེ་ཤའི་ཟོག་འདྲེན་གནམ་གྲུ་ཡོངས་ཀྱི་འཁོར་སྐྱོད་འགན་སྲུང་ལེགས་གྲུབ་བྱུང་བ་དང་ཟོག་འདྲེན་གནམ་གྲུ་ཡོངས་ཀྱི་འཕུར་ཐེངས་དང་ཟོག་འདྲེན་བྱེད་ཚད་ཀྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་ཡོད་པ་སྟེ། ཟོག་འདྲེན་གནམ་གྲུ་ཡོངས་ཀྱི་སྐྱེལ་འདྲེན་འཕུར་འབབ་ཐེངས་86དང་། ཟོག་འདྲེན་གནམ་གྲུ་ཡོངས་གྲུ་ཁར་ནང་འདྲེན་དང་ཕྱིར་གཏོང་བྱེད་ཚད་ཏུན་836འགན་ལེན་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་ཁག་སོ་སོར་7.5%དང་25.7%འཕར་ཡོད། དེ་དང་ཆབས་ཅིག་ཞབས་ཞུའི་འགན་ལེན་ནུས་ལྡན་བཏང་ནས་ཟོག་འདྲེན་གནམ་གྲུ་བསྟུད་མར་ཉིན་43རིང་མཚམས་ཆད་མེད་པའི་ཟིན་ཐོ་གསར་པ་བཀོད་ཡོད།
ཉེ་བའི་ལོ་ཤས་རིང་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གིས་མཁའ་འགྲུལ་ཟོག་འགྲེམས་ཞབས་ཞུར་དམིགས་ནས་ཟོག་འདྲེན་གསར་གཏོད་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད། སེམས་ཀྱི་ཉི་ཟླའི་བེ་ཤ་ཟོག་འདྲེན་གནམ་གྲུའི་ལེགས་འགྲུབ་བཏོད་པའི་གྱོད་དཔེ་རྨང་གཞི་ཐོག་རྒྱུན་མཐུད་གྱིས་ས་གནས་དེ་གའི་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་འཚོལ་ཞིབ་དང་སྔོག་འདོན་བྱས་ཏེ“བདེ་ཆེན་མཁའ་འགྲུལ་མྱུར་ལམ”སྤུས་རྟགས་གཏོད་རྒྱུ་མཐའ་འཁྱོངས་བྱས་པ་རེད། “སྐམ་ས་ནས་མཁའ་འགྲུལ”གྱི་ལས་སྒོ་རྒྱ་བསྐྱེད་པ་དང་ས་མཐོའི་སྐྱེ་ཁམས་འབྲུ་ཏ་ཡིས་མཚོན་པའི་གསར་དར་ཐོན་ལས་ཁག་གཅིག་ཀྱང་མཁའ་འགྲུལ་གྱི་སྐྱེལ་འདྲེན་བརྒྱུད་ནས་རིམ་བཞིན་རྒྱལ་ཡོངས་ས་གནས་ཁག་ཏུ་སླེབས་ཡོད་པས། “ཡུན་ནན་གྱི་ཐོན་རྫས་ཡུན་ནན་ནས་ཐོན་པ་དང་། བདེ་ཆེན་གྱི་ཐོན་རྫས་ཁུལ་ནས་ཐོན་པ་”ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཟོག་འདྲེན་གནམ་གྲུ་ཡོངས་དང་གྲུ་ཁང་གི་སྐྱེལ་འདྲེན་ནུས་པ་སྔར་ལས་གློད་དེ་མཁའ་འགྲུལ་ཟོག་འགྲེམས་ཞབས་ཞུས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་པའི་ཡོང་འབབ་མང་དུ་གཏོང་བ། འཛད་སྤྱོད་ཀྱི་རིམ་སྤར་དགོས་མཁོ་སྐོང་བ། ས་ཁོངས་དཔལ་འབྱོར་ཀྱི་མཐུན་སྦྱོར་ངང་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྔར་བས་རོགས་རམ་བྱས་ཡོད།
ལོ་རེའི་ཟླ་7ནས་ཟླ9བའི་བར་ནི་སེམས་ཀྱི་ཉི་ཟླའི་བེ་ཤ་གཅིག་སྡུད་ངང་ཁྲོམ་རར་འདོན་པའི་དུས་ཡུན་ལེགས་ཤོས་དེ་ཡིན། ཁྲོམ་རའི་དགོས་མཁོ་སྐོང་ཆེད། བེ་ཤ་ཟོག་འདྲེན་གྱི་གནམ་གྲུ་ཡོངས་ཀྱི་ཕན་ནུས་ཆེ་ཞིང་ཤར་གཏོང་ཐུབ་པའི“མཁའ་དབྱིངས་བར་ཁྱམས་”དེས་གངས་ལྗོངས་ས་མཐོའི་རྩ་ཆེན་གྱི“ལྕེ་རྩེ་ཡི་བྲོ་བ”དེ་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་རྒྱལ་ཡོངས་ས་གནས་ཁག་གི་ཅོག་ཙེའི་ཐོག་བསྐྱལ་ཡོད། གནམ་ཐང་གིས་རང་འགུལ་ངང་མཁའ་འགྲུལ་ཀུང་སི་ཁག་དང་། ཟོག་འདྲེན་ངོ་ཚབ་དང་དེ་བཞིན་དངོས་ཟོག་བསྡུ་ལེན་ཁེ་ལས་བཅས་དང་མཉམ་འགུལ་དམ་ཟབ་བྱས་ནས་འགུལ་རྣམ་གྱིས་ཉིན་རེའི་དངོས་ཟོག་གྲངས་འབོར་སྔོན་དཔག་དང་འཕུར་ཐེངས་ཆ་འཕྲིན་ཁོང་དུ་ཆུད་པར་བྱས་ཡོད། ཟོག་འདྲེན་ས་ཚིགས་ས་ཁོངས་སུ་བེ་ཤ་བསྡུ་སྐྱེལ་ཆེད་སྤྱོད་བགྲོད་ལམ་དང་ཆེད་སྤྱོད་གནས་སྐབས་ཉར་ཚགས་ཁུལ་བཙུགས་ནས་ལག་ལེན་དངོས་སྤྱོད་ཀྱི་ཐོག་ནས་ལས་ཡུལ་དངོས་ནས་སྒྲུབ་པ་དང་། སྔོན་ལ་སྒྲུབ་པ། སྔོན་ལ་བདེ་འཇགས་ཞིབ་བཤེར་བྱེད་པ། སྔོན་ལ་འཕྲུལ་ཆས་སྒྲིག་སྦྱོར་བྱེད་པ་བཅས་ཀྱི་མགྱོགས་སྒྲུབ་འགན་སྲུང་གི་བརྒྱུད་རིམ་ལག་བསྟར་བྱས་ནས་བེ་ཤ་དེ་གནམ་ཐང་དུ་སྡོད་པའི་དུས་ཚོད་ཚད་ཆེ་ཤོས་ཇེ་ཐུང་དུ་བཏང་སྟེ། སོས་པར་གནས་ཐབས་ཀྱི་གསོག་ཉར་དུས་ཡུན་ཇེ་རིང་དུ་བཏང་ཡོད།
གཞི་རྒྱ་ཆེ་བའི་ཁྲོམ་རའི་དགོས་མཁོ་སྐོང་ཆེད། གནམ་ཐང་གིས་མཁའ་འགྲུལ་ཀུང་སིར་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཟོག་འདྲེན་གནམ་གྲུ་ཡོངས་ཀྱི་འཕུར་ཐེངས་འཁོར་སྐྱོད་བྱེད་པའི་རྨང་གཞི་ཐོག་འགྲུལ་སྐྱེལ་གནམ་གྲུའི་གྲུ་ཁང་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་རྒྱལ་ནང་གི་འཛད་སྤྱོད་གྲོང་ཁྱེར་གཙོ་བོ་འདུས་པའི་ནུས་ཆེའི་མཁའ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་ཞིག་བསྐྲུན་ནས་ས་མཐོའི་རང་བྱུང་གི་ལག་རྟགས་དེ་གོམ་པ་གཅིག་གིས་བསྐྱོད་ཚེ་དྲི་ཞིམ་ལེ་དབར་ཁྲི་སྟོང་དུ་ཁྱབ་པར་དམ་འཛིན་གང་ལེགས་བྱས་ཡོད།