རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
དེང་རབས་ཀྱི་མི་རྣམས་ཀྱིས་ཕུགས་འདུན་དོན་གཉེར་བྱེད་པའི་ཐབས་ལམ་སྣ་མང་བོའི་ཁྲོད། མི་འགའ་ཞིག་ནི་གྲོང་ཁྱེར་དུ་རྩ་བ་ཚུགས་ནས་ཟང་ཟིང་འཁོར་བའི་ཁྲོད་ན་འབད་བརྩོན་བྱེད་བཞིན་ཡོད། མི་ལ་ལ་ཞིག་ནི་ཁ་ཕྱིར་འཁོར་རྒྱུར་དགའ་པོ་ཡོད་ཅིང་རི་རབ་དང་གཙང་བོར་འགྲིམས་ནས་སེམས་ཀྱི་གནས་སྡོད་ཡུལ་འཚོལ་གྱི་ཡོད། ཀྲའོ་ཁེ་ནི་“ལྡོག་ཕྱོགས་སུ་བསྐྱོད་པའི”ཁྲོད་ཀྱི་ལག་ལེན་པ་ཞིག་རེད། ཁོ་རང་གྲོང་ཁྱེར་གྱི་རླངས་འཁོར་གྱི་བྲེལ་འཚུབ་དང་གྱེས་ཏེ་ཡུན་ནན་བདེ་ཆེན་དུ་འཛུལ་ནས་ལོ་ངོ་བདུན་གྱི་དུས་ཚོད་སྤྱད་དེ་ཞིང་རའི་གནས་མཆོག་“ཞི་ཏི་ཡོན་ཡུས་ཐེན”ཞེས་པའི་དམང་སྲོལ་གནས་ཚང་ཞིག་བསྐྲུན་ཡོད་པ་དང་། འཕྲེད་བཅད་རི་རྒྱུད་ཀྱི་པང་དུ་རང་ཉིད་ཀྱི་ཞིང་རའི་བརྩེ་སེམས་ཀྱིས་ཕྱུག་པའི་འབྲོག་གཞས་ཤིག་བརྩམས་ཡོད།
གསང་བའི་གནས་མཆོག་དང་འཕྲད་པ། བདེ་ཆེན་གྱི་རང་བྱུང་ཁམས་ཀྱིས་གནང་བའི་ལེགས་སྐྱེས།
བདེ་ཆེན་ནི་ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འདྲེས་མཚམས་སུ་གནས་ཡོད་པ་དང་ “གཙང་གསུམ་མཉམ་བཞུར”འཛམ་གླིང་རང་བྱུང་ཤུལ་བཞག་ལྟེ་བའི་ས་ཁུལ་དུ་གནས་ཡོད། ཆ་སྙོམས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་3000ཡན་ཡོད་པ་དང་། ལངས་གཟུགས་ཀྱི་ནམ་ཟླ་མངོན་གསལ་དོད་པོ་ཡོད། ཡུལ་ལྗོངས་མཛེས་སྡུག་ལྡན་ལ་འཛམ་གླིང་སྐྱེ་བོ་རྣམས་ཀྱིས་ཡིད་སྨོན་བྱེད་སའི་སེམས་ཀྱི་ཉི་ཟླ་ཡིན།
ཀྲའོ་ཁེས་དངོས་གནས་སེམས་ཐག་གཅོད་ས་ནི་རང་བྱུང་གི་མཛེས་ལྗོངས་ཙམ་མིན་པར་བདེ་ཆེན་གྱི་རྔམ་མཐུག་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གཏིང་ཟབ་པའི་རྨང་གཞི་ཡང་ཡིན། ཁོང་མཐའ་མར་སྡོད་ས་ནི་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཡིན་ཞིང་ཡུལ་དེའི་ནམ་ཟླ་ཞི་འཇམ་དང་ཆུ་ཁུངས་ཕུན་སུམ་ཚོགས་པས“བདེ་ཆེན་གྱི་ཅང་ནན་ཆུང་བ”དང“ཉ་དང་འབྲས་ཀྱི་ཡུལ་ཁུངས”ཞེས་པའི་མཚན་སྙན་བཟང་པོ་ཐོབ་ཡོད། ས་གནས་དེ་ནི་ལོ་རྒྱུས་ཐོག་ཐང་རྒྱལ་རབས་སྐབས་ཀྱི་ཐུ་བྷོ་སྲིད་དབང་གི་“བདེ་སྲུང་དམག་དཔོན་ལས་ཁུངས”ཡོད་སའི་གནས་ཡིན་ཞིང་། བོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་གཏིང་ཟབ་ཡོད་པ་དང་དུས་མཚུངས་བོད་དང་། འཇང་། ལི་སུའུ་སོགས་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་བྱེད་པའི་དཔེ་མཚོན་གྱི་ས་ཁུལ་ཞིག་ཡིན་པས། རིག་གནས་མཉམ་འདྲེས་ཀྱི་རྣམ་པ་ཟབ་མོ་བྱུང་ཡོད།
ཀྲའོ་ཁེས“དེ་ནི་ཡུལ་སྐོར་གྱི་ཐོ་འགོད་ས་ཁོ་ན་ཙམ་མ་ཡིན་པར། དངོས་གནས་འཚོ་བ་རོལ་ཐུབ་པའི་ས་ཆ་ཞིག་ཡིན”ཞེས་བཤད་བྱུང་། “མཐའ་ཆུ་ན་མི་ཡུལ་གྱི་འཚོ་བ་དཀྱུས་མ་ཡོད་ལ་སྙན་ངག་གི་ཁྱད་ཆོས་ལྡན་པའི་རི་ཆུ་ཡང་ལྡན་པས། འཚོ་གནས་འཆར་འགོད་དང་ཡུན་རིང་གི་འཚོ་བ་རོལ་མཁན་ལ་ཧ་ཅང་འཚམས་པོ་ཡོད་ཚུལ་བསྟན། ལོ་7གྱི་རིང་ལ་ཁོང་གིས་རིམ་བཞིན་ཞི་ཏི་ཡོན་ཡུས་ཐེན་དམང་སྲོལ་གནས་ཚང་ནི་རང་བྱུང་ཉམས་ལེན་དང་མི་ཆོས་ཀྱིས་ཕྱུག་པའི་ཕུགས་བསམ་ལྡན་པའི་བར་སྟོང་ཞིག་ཏུ་བསྐྲུན་ཡོད་པ་མ་ཟད། དེ་ལས་མང་བའིའཚོ་བ་སྤྱོད་སྟངས་འགྱུར་ལྡོག་འཚོལ་ཞིབ་བྱེད་མཁན་གྱི་མི་རྣམས་ལ་གནས་སྟངས་གསར་པ་ཞིག་ཀྱང་མཁོ་འདོན་བྱས་ཡོད།
ལོ་ངོ་བདུན་གྱི་རིང་བཟོ་སྐྲུན་རྒྱ་ཆེར་བཏང་བ།
རྩ་བ་ཚུགས་རྒྱུའི་ཐག་བཅད་པ་ནས་དམངས་སྲོལ་གནས་ཚང་བསྐྲུན་པའི་བར་ཀྲའོ་ཁེས་མཐའ་ཆུར་ལོ་ངོ་བརྒྱད་ཀྱི་འཚོ་བ་བསྐྱལ་བ་དང་དེའི་ནང་ཞི་ཏི་ཡོན་ཡུས་ཐེན་དམངས་སྲོལ་གནས་ཚང་བསྐྲུན་པར་ལོ་ངོ་བདུན་གྱི་དུས་ཚོད་སྤྱད་ཡོད། ཁོང་གིས་ཐོག་མཐའ་བར་གསུམ་དུ་འདུ་ཤེས་གཅིག་རྒྱུན་འཁྱོངས་བྱས་ཏེ “རང་བྱུང་དང་མཉམ་འདྲེས་བྱེད་པ་ལས་རང་བྱུང་ལ་བར་ཆད་མི་གཏོང་བ་”ལག་ལེན་དུ་བསྟར་ཡོད།
དམངས་སྲོལ་གནས་ཚང་འཛུགས་སྐྲུན་གྱི་ཕེབས་ལམ་ཧྲིལ་པོར“བདེ་སྲུང་ས་རྡེབ་བཟོ་རྩལ”བཀོལ་ནས་ས་སེར་གྱི་ཕྱི་རྩིག་ལ་ས་གནས་དེ་གའི་ས་རྒྱུ་སྤྱད་ཡོད་པ་དང་། རྒྱང་རིང་ནས་བལྟས་ཚེ་རི་སྔོ་བར་ནས་རང་བྱུང་གིས་སྐྱེས་པ་དང་འདྲ་བས། མཐའ་འཁོར་གྱི་འབྲས་ཞིང་དང་། སྤྲིན་ཚོམ། ལྗོན་ཤིང་བཅས་དང་སྲུབས་མེད་ཀྱིས་སྦྲེལ་ཡོད། ཀྲའོ་ཁེས་ལོ་བདུན་ནང་ས་གཞིའི་ཇུས་བཀོད་དང་ལས་ཡུལ་སྙོམས་པའི་བར“གསུམ་ཁྲིད་གཅིག་སྙོམས་”(ཆུ་དང་གློག་འཕྲིན། འགྲོ་ལམ་དང་དེ་བཞིན་ས་ངོས་སྙོམས་པ)ཀྱི་ལྷུ་ཚིགས་ཚང་མར་ཁོང་གིས་ངོ་ཞུགས་འབད་སྒྲུབ་བྱས་ནས་སེམས་ཤུགས་མང་པོ་བཏང་ཡོད། ཨུ་ཚུགས་དེས་དམངས་སྲོལ་གནས་ཚང་དང་བདེ་ཆེན་རི་ཆུ་འཆམ་མཐུན་མཉམ་གནས་བྱུང་བར་དོན་དངོས་ཀྱི་ཕན་ནུས་ཐོབ་ཡོད།
དམངས་སྲོལ་གནས་ཚང་ནང་ཁུལ་ཡང་སྣང་ཚུལ་གཞན་ཞིག་ཡིན་པ་སྟེ། རིམ་པ་མཐོ་བའི་ལུས་ཁྲུས་ཀྱིས་འཚོ་བའི་རྒྱུ་སྤུས་འགན་སྲུང་བྱེད་པ་དང་ མཉེན་པའི་གྱོན་ཆས་རེ་རེ་དང་རྒྱན་ཆས་རེ་རེ་བདམས་ཞིབ་ཚགས་བྱས་ཡོད། ཀྲའོ་ཁེས་འདིར་སྡོད་པའི་སྐུ་མགྲོན་ཚོས་ཞོགས་པ་ནས་ལུས་སྦྱོང་དང་དགོང་མོ་འཆམ་འཆམ་དུ་བསྐྱོད་པ་སོགས་གྲོང་གསེབ་ཀྱི་སྐྱིད་སྣང་ལ་འཐམ་འཁྱུད་བྱེད་ཐུབ་པར་མ་ཟད། དེང་རབས་འཚོ་བའི་སྟབས་བདེ་དང་རྒྱས་སྤྲོས་བློས་གཏོང་མི་དགོས་པར་སྙན་ངག་གིས་བརྒྱན་པའི་བསམ་བློ་དང་དངོས་སྤྱོད་འཚོ་བ་གཉིས་དོ་སྙོམས་ངོ་མ་ཡོང་བའི་རེ་བ་བྱེད་བཞིན་ཡོད།
ཞིང་རའི་འཚོ་བ། བདེ་ཆེན་ནས་སྣ་མང་ཅན་དང་མཉམ་གནས་དང་འཕྲད་པ།
ཞི་ཏི་ཡོན་ཡུས་ཐེན་དམངས་སྲོལ་གནས་ཚང་དུ། ཞིང་ར་ནི་ཡུལ་ལྗོངས་ཙམ་མ་ཡིན་པར་དངོས་སུ་རེག་ཐུབ་པའི་འཚོ་བ་སྤྱོད་སྟངས་ཞིག་ཀྱང་ཡིན། འདི་ན་དུས་ཚོད་ལ་ཡང་བསྐྱར་མཚན་ཉིད་བཞག་ཡོད་པ་དང་འདྲ། ཞོགས་པའི་བྱིའུ་སྐད་ཁྲོད་ནས་གཉིད་ལས་སད་པ་དང་། ཕྱི་དྲོར་སྒོ་རའི་ནང་ཇ་འཐུང་ནས་སྤྲིན་པར་ལྟ་བ། ས་སྲོད་ལ་ཞིང་བར་གྱི་ལམ་ཕྲན་བརྒྱུད་ནས་འཆམ་འཆམ་བྱེད་པ་དང་། ནུབ་ཁའི་དུས་ལ་འབྲས་ཞིང་གིས་གསེར་གྱི་གྱོན་ཆས་གྱོན་པ་དང་ཀུན་ནས་མཚུངས། རང་བྱུང་དུ་ཕྱིར་ལོག་པའི་འཚོ་བ་སྤྱོད་སྟངས་དེ་རིགས་ཀྱིས་གྲོང་ཁྱེར་གྱི་མི་མང་པོའི་ཡིད་དབང་འགུག་བཞིན་ཡོད། ཀྲའོ་ཁེས་དེ་བས་དགའ་འོས་པ་ནི་བདེ་ཆེན་གྱི“བསྟུན་མཁས་རང་བཞིན་”དེ་རེད། དེ་གར་ཁོང་གིས་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་གྲོགས་པོ་ངོ་ཤེས་བྱུང་སྟེ། ཁོང་ཚོའི་ནང་རྒུན་ཆང་བསྙལ་མཁན་དང་ཡུལ་སྐོར་ལས་རིགས་པ། གཞན་ཡང་བསམ་པ་མཐུན་པའི་ས་གནས་དེ་གའི་གསར་གཏོད་བྱེད་མཁན་མང་པོ་ཞིག་ངོ་ཤེས་ཡོད། ཁོ་ཚོ་ཚང་མ་རྟག་ཏུ་མཉམ་འཛོམས་བྱས་ནས་རང་རང་སོ་སོའི་གཏམ་རྒྱུད་དང་ཉམས་མྱོང་རོལ་མྱོང་བྱེད་ཀྱི་ཡོད།
ད་ལྟ། ཞི་ཏི་ཡོན་ཡུས་ཐེན་དམངས་སྲོལ་གནས་ཚང་ནི་ཀྲའོ་ཁེ་ཡི་ཕུགས་བསམ་གྱི་སྡོད་གནས་ཙམ་མ་ཡིན་པར། བདེ་ཆེན་དང་འཛམ་གླིང་འབྲེལ་མཐུད་བྱེད་པའི་གནམ་གཡབ་ཞིག་ཏུ་གྱུར་ཡོད། དེས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་འགུག་ནས་མི་རྣམས་ལ་གྲོང་གསེབ་ཀྱི་འཚོ་བ་མྱོང་ཚོར་དང་བདེ་ཆེན་གྱི་རང་བྱུང་དང་མི་ཆོས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་དུ་བཅུག་པ་མ་ཟད། དེ་ལས་ལྷག་པའི་མི་རྣམས་ལ་འཕེལ་རྒྱས་ཆེ་བའི་གྲོང་ཁྱེར་ལས་གཞན་ད་དུང་“སོས་དལ་བག་ཕེབས”ཀྱི་འཚོ་བ་སྐྱེལ་ཆོག་པ་ཤེས་སུ་བཅུག་ཡོད། ཀྲའོ་ཁེས་ལག་ལེན་བྱས་པ་ལྟར་ཕུགས་འདུན་དོན་གཉེར་བྱེད་པར་རྒྱུད་རིགས་གཅིག་གི་རྣམ་འགྱུར་ཁོ་ན་མི་དགོས་པར་སེམས་ཀྱི་ཁ་ཕྱོགས་དང་བསྟུན་ནས་བསྐྱོད་པ་ན། རི་ཆུ་དང་ཞིང་སའི་བར་ནས་ཀྱང་རང་ཉིད་ཀྱི་མེ་ཏོག་དེ་བཞད་ཆོག་ཆོག་རེད།