རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་ཆར། ཐེ་ལན་ཀྲེ་ཏ་ཚོགས་པའི་ཏུང་ཧྲེ་ཀྲང་ཤེ་ཅི་རེན་གྱིས་རྟོག་ཞིབ་ཚོགས་པའི་སྣེ་འཁྲིད་དེ་བདེ་ཆེན་སེམས་ཀྱི་ཉི་ཟླའི་གཏེར་ཆུའི་རྣམ་གྲངས་ཀྱི་འཕེལ་རིམ་ལ་རྟོག་ཞིབ་བྱས་པ་དང་འབྲེལ་རིག་གནས་ཡུལ་སྐོར་མཉམ་ལས་ཀྱི་ལས་དོན་ལ་སྤེལ་རེས་བྱས་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝུའེ་ཏུང་རྟོག་ཞིབ་ནང་ཞུགས་ཡོད།
རྟོག་ཞིབ་བྱེད་རིང་ཤེ་ཅི་རེན་དང་བཅས་པས་པོ་ཏ་མཚོ་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་ས་གནས་ཀྱི་ཐོན་ཁུངས་རྩད་གཅོད་གནས་ཚུལ་ལ་བརྟག་ཞིབ་བྱས་ལ། འབྲེལ་རྣམ་གྲངས་ཆེད་དོན་ཚོགས་ཆུང་གི་སེམས་ཀྱི་ཉི་ཟླའི་གཏེར་ཆུའི་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྙན་ཞུར་གསན་ཞིང་། ཕྱོགས་གཉིས་པོས་མཉམ་ལས་ཇི་ལྟར་བྱས་ནས་རྣམ་གྲངས་མགྱོགས་མྱུར་དོན་འཁྱོལ་ཐུབ་པ་བྱ་རྒྱུའི་སྐོར་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་དང་ངོས་འཛིན་གཅིག་མཐུན་མང་པོ་བྱུང་།
ཤེ་ཅི་རེན་གྱིས་ཐེ་ལན་ཀྲེ་ཏ་ཚོགས་པས་བདེ་ཆེན་སེམས་ཀྱི་ཉི་ཟླས་རང་ཕྱོགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་ལ། སེམས་ཀྱི་ཉི་ཟླའི་སྣོད་བཅུད་ཐོན་ཁུངས་ཀྱི་ལེགས་ཆ་དང་ཕུལ་དུ་བྱུང་བའི་ཆུ་བེད་སྤྱོད་ཀྱི་སྤུས་ཚད་དང་གཏིང་ཟབ་ཀྱི་རིག་གནས་རྒྱུན་འཛིན་བཅས་ལ་བརྟེན་ནས་རྣམ་གྲངས་འཕེལ་རྒྱས་འགྲོ་བའི་མདུན་ལམ་ཧ་ཅང་ཆེན་པོ་ཡོད་ཅེས་བཤད་ལ། ཁོང་གིས་ཐེ་ལན་ཀྲེ་ཏ་ཚོགས་པས་རང་ཉིད་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་དང་ལག་རྩལ་གྱི་ནུས་པ། གོ་ལ་ཧྲིལ་པོའི་དྲ་བའི་འབྲེལ་བ་བཅས་ལ་བརྟེན་ནས་སེམས་ཀྱི་ཉི་ཟླའི་གཏེར་ཆུའི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་འཛམ་གླིང་གི་གཏེར་ཆུའི་སྤུས་རྟགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
ཀྲང་ཝེ་ཏུང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཐེ་ལན་ཀྲེང་ཏ་ཚོགས་པས་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ལ། ཁོང་གིས་མིག་སྔར་བདེ་ཆེན་ཁུལ་གྱིས་ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གཏེར་ཆུ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྣམ་གྲངས་གཙོ་གནད་ཐོག་སྐུལ་འདེད་གཏོང་བཞིན་ཡོད། ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ།གནད་སྨིན་ནུས་ལྡན་གྱི་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཐེ་ལན་ཀྲེང་ཏ་ཚོགས་པའི་སེམས་ཀྱི་ཉི་ཟླའི་གཏེར་ཆུའི་རྣམ་གྲངས་སྔ་ཙམ་བསྐྲུན་པ་དང་། ཐོན་སྐྱེད་མགྱོགས་པོ་བྱེད་པ། ཙམ་ཕན་འབྲས་མགྱོགས་པོ་མངོན་པ་བཅས་བྱས་ནས་ས་གནས་དང་ཁེ་ལས་གཉིས་ཕན་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་ཅིང་། ཁོང་གིས་བདེ་ཆེན་ཁུལ་གྱིས་དུས་འགོའི་ལས་དོན་ཏན་ཏིག་བསྒྲུབས་པའི་རྨང་གཞིའི་ཐོག་ཐེ་ལན་ཀྲེང་ཏ་ཚོགས་པ་དང་འཐབ་ཇུས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་བྱས་ནས་ཁྲིམས་བཞིན་སྒྲིག་བཞིན་དང་ནུས་ལྡན་ངང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།སྤྱི་འདོམས་མཐུན་སྦྱོར་དང་མཐོ་གནོན་སྐུལ་འདེད་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ལེགས་གྲུབ་ངང་དོན་འཁྱོལ་ཐུབ་པ་བྱས་ཏེ་ས་གནས་དང་ཁེ་ལས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས།ཀྲང་ཝེ་ཏུང་གིས་བརྗོད་དོན།བདེ་ཆེན་ཁུལ་གྱིས་དུས་འགོའི་ལས་དོན་ཏན་ཏིག་སྤེལ་བའི་རྨང་གཞིའི་ཐོག་ཐེ་ལན་ཀྲེ་ཏ་ཚོགས་པ་དང་འཐབ་ཇུས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་བྱས་ཏེ་ཁྲིམས་སྲོལ་ལྟར་ཕན་ནུས་ལྡན་པའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྤྱི་འདོམས་མཐུན་སྦྱོར་དང་མཐོ་གནས་སྐུལ་འདེད་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ་དང་།བདེ་ཆེན་ཁུལ་གྱིས་ཐེ་ལན་ཀྲེང་ཏ་ཚོགས་པའི་གོ་ལ་ཧྲིལ་པོའི་སྤུས་རྟགས་ཀྱི་གྲགས་ཚད་ལ་གང་ལེགས་བརྟེན་ནས་ད་ཐེངས་ཀྱི་མཉམ་ལས་དེ་གོ་སྐབས་སུ་བྱས་ཏེ། རིག་གནས་ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་མཚན་སྙན་དང་གོ་ལ་ཧྲིལ་པོའི་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
ཧོང་ལུང་ཤིན་དང་ཞུས་ཀོང་ཏེ།ཀྲོང་ཞའོ་ཕིང་དང་དེ་བཞིན་ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས་པ་རེད།