2025ལོའི་རྒྱུད་གཅིག་ལམ་གཅིག་གི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཀྱི་གླེང་སྟེགས་གཙོ་བོ་ཁུན་མིང་དུ་འཚོགས་པ།
རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་དར་གོས་ཚོང་ལམ་གྱི་གཏམ་རྒྱུད་ཡག་པོ་བཤད་དགོས།
ཁྲེན་ཅན་ཝེན། ཝང་ཡུས་པོ་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།
ཟླ9པའི་ཚེས16ཉིན་གྱི་ཕྱི་དྲོར།2025ལོའི་རྒྱུད་གཅིག་ལམ་གཅིག་གི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཀྱི་གླེང་སྟེགས་གཙོ་བོ་ཁུན་མིང་དུ་འཚོགས་པ།
ཟླ9པའི་ཚེས16ཉིན་གྱི་ཕྱི་དྲོར།2025ལོའི་རྒྱུད་གཅིག་ལམ་གཅིག་གི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཀྱི་གླེང་སྟེགས་གཙོ་བོ་ཁུན་མིང་དུ་འཚོགས་པ།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁྲེན་ཅན་ཝེན་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝང་ཡུས་པོ་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
ཁྲེན་ཅན་ཝེན་གྱིས་ཤིས་ཚིག་གསུང་བ།
ཁྲེན་ཅན་ཝེན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་གལ་ཆེན་བཏོན་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་མདུན་ལམ་གསར་པ་གཏོད་པ་དང་།སྒུལ་ནུས་གསར་པ་འཕེལ་བ།བར་མཐོངས་གསར་པ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད། རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་འགན་འཁྲི་ཧུར་ཐག་འཁུར་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཟིན་ཐོ་འགོད་མཁན་དང་།དེར་ཞུགས་མཁན།སྐུལ་འདེད་གཏོང་མཁན་བཅས་བྱས་ནས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་ཆེད་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།ཚང་མས་ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་བཟུང་ནས།མཉམ་ལས་ནང་རྐྱེན་མུ་མཐུད་འཐུས་ཚང་དང་མཉམ་ལས་ནང་དོན་ཕུན་སུམ་ཚོགས་པ།མཉམ་ལས་རྣམ་པ་རྒྱ་བསྐྱེད་པ།མཉམ་དུ་དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ།གཉིས་ཁེ་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་ནས།དར་གོས་ཚོང་ལམ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་།ཤེས་དཔལ་སྤེལ་རེས་ཀྱི་རྣམ་པ་གསར་པ་གཏོད་པ།དར་གོས་ཚོང་ལམ་མཉམ་ལས་ལ་སྐུལ་འདེད་གཏོང་བ།དར་རྒྱས་གོང་འཕེལ་གྱི་འབྱུང་འགྱུར་གསར་པ་ཇུས་འགོད་བྱེད་པ།སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མཉམ་ལས་གཉིས་ཕན་གྱི་བར་མཐོངས་གསར་པ་སྔར་བས་གཏོད་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་དེ་བས་ལེགས་པ་འདོན་དགོས།
ཝང་ཡུས་པོ་ཡིས་ཤིས་ཚིག་གསུང་བ།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཉིང་གི་བཀའ་མངགས་ལྟར། ཝང་ཡུས་པོ་ཡིས་ཚོགས་ཞུགས་སྐུ་མགྲོན་ལ་དགའ་བསུ་ཞུས། ཁོང་གིས་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཛམ་གླིང་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཏོན་པའི་གྲོས་འགོ་གལ་ཆེན་ཞིག་རེད།ཡུན་ནན་ནི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ཞིང་།ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་།ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ།“གནས་ཐིག་གཏན་ཁེལ་གསུམ་”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། རྒྱལ་ཁབ་ཁག་གི་སྨྱན་སྦྱོར་དང་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཞི་བདེ་མཉམ་ལས་དང་།སྒོ་འབྱེད་བསྟུན་མཁས།ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ།གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དར་གོས་ཚོང་ལམ་གྱི་སྙིང་སྟོབས་ཐུན་མོང་ཐོག་དར་སྤེལ་བཏང་སྟེ།ཁྱིམ་མཚེས་བཟང་པོ་དང་།གྲོགས་པོ་བཟང་པོ།རོགས་ཟླ་བཟང་པོ་བཅས་བར་གྱི་འབྲེལ་བ་སྔར་བས་དམ་ཟབ་དང་།མཛའ་མཐུན་སྔར་བས་ཡུན་རིང་ཡོང་བར་བྱས་ཏེ།མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུའི་རེ་བ་བྱེད་བཞིན་ཡོད། སྨྱན་སྦྱོར་ཚན་པ་ཁག་གིས་བརྙན་ལམ་དང་སྨྱུག་རྩལ་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་དང་ཡུན་ནན་གྱི་གཏམ་རྒྱུད་ལེགས་པར་བརྗོད་པ་དང་།འཛམ་གླིང་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡུན་ནན་ལག་ལེན་གྱི་རྣམ་པ་ཁྲི་སྟོང་མང་པོ་སྟོན་རྒྱུའི་རེ་བ་ཡོད་ཅེས་གསུང་བྱུང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཧྥན་ཡུན་དང་། ཀག་ན་དང་། ཕེ་རུ། པ་རེན། ཐེ་ལན། པར་ཙིར། པལ་ཨུ་རུ་སུ། ཨ་ཧྥེ་རི་ཁ་ལྷོ་མ་སོགས་རྒྱལ་ཁབ་ཀྱི་སྲིད་གཞུང་དཔོན་རིགས་དང་སྨྱན་སྦྱོར་གྱི་འགན་འཁུར་པ།ཀྲུང་དབྱང་གི་འབྲེལ་ཡོད་སྨྱན་སྦྱོར་དང་།ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་གི་ཏང་ཨུའི་དྲིལ་བསྒྲགས་པུའུ།ཀྲུང་དབྱང་ཁེ་ལས་ཁག་ཅིག་གི་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བ་བཅས་ཀྱིས་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་རེད། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚུའེ་ཧྲི་ཞིན་གྱིས་གླེང་སྟེགས་གཙོ་སྐྱོང་གནང་བ་དང་།ཡུན་ནན་ཞིང་ཆེན་གྱི་ཙེང་ཡན་དང་ཅང་ཧྲན།ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུའི་ཚན་པ་དང་།རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ལས་རིགས་ཀྱི་སྐུ་མགྲོན་དང་།རིགས་གཅིག་མཁས་ཅན་དང་མཁས་དབང་།ཁེ་ལས་ཀྱི་འཐུས་མི་བཅས་ཚོགས་འདུར་ཞུགས་པ་རེད།ཚོགས་འདུར་ཞུགས་མཁན་སྐུ་མགྲོན་ཚོས་ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”གི་གསར་གཏོད་འདུ་ཤེས་དང་ལག་ལེན་ཞིབ་འཇུག་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པའི་བདེན་དཔང་བྱས་པ་རེད།