རང་ཁུལ་གྱིས་དྲ་ལམ་བདེ་འཇགས་ཀྱི་བྱེད་སྒོ་བྱེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་9ཚེས་15ཉིན་ནས་2025ལོའི་རྒྱལ་ཁབ་ཀྱི་དྲ་རྒྱ་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བདེ་ཆེན་ཁུལ་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། ཁུལ་ཨུ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་ཁུལ་ཨུ་ལྷན་དྲིལ་བསྒྲགས་པུའུ་དང་། ཁུལ་སྤྱི་བདེ་ཅུད་ཁུལ་སྤྱི་ཁྱབ་བཟོ་ཚོགས་སོགས་སྡེ་ཚན་དང་མཉམ་འབྲེལ་ནས“དྲ་རྒྱ་བདེ་འཇགས་ནི་མི་དམངས་ཡིན་པ་དང་། དྲ་རྒྱ་བདེ་འཇགས་ནི་མི་དམངས་ལ་བརྟེན་པ། ཆུ་སྙོམས་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་སྲུང་སྐྱོང་བྱེད་པ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།