རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་17ཉིན་གྱི་ཕྱི་དྲོར། འཇོལ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་16པའི་མུ་འབྲེལ་བྱེད་སྒོ་སྟེ་ཁ་བ་དཀར་པོ་བུམ་པའི་ཡུན་ནན་དང་སི་ཁྲོན་བོད་ལྗོངས་ཀྱི་ཁྱིམ་མཚེས་རྫོང་དང་གྲོང་ཁྱེར་གྱི་སྐྱེས་པའི་ལག་རྩེད་སྤོ་ལོའི་གདན་འདྲེན་འགྲན་བསྡུར་འཇོལ་རྫོང་ལུས་རྩལ་ཁང་དུ་འགོ་ཚུགས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་བྱེད་སྒོར་ཞུགས་པ་མ་ཟད་2025ལོའི་ཁ་བ་དཀར་པོ་བུམ་པའི་ཡུན་ནན་དང་སི་ཁྲོན་བོད་ལྗོངས་ཀྱི་ཁྱིམ་མཚེས་རྫོང་དང་གྲོང་ཁྱེར་གྱི་སྐྱེས་པའི་ལག་རྩེད་སྤོ་ལོ་གདན་འདྲེན་འགྲན་བསྡུར་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།
ཤེས་གསལ་བྱུང་དོན། ཐེངས་འདིའི་འགྲན་བསྡུར་ལ་ཡུན་ནན་དང་སི་ཁྲོན། བོད་ལྗོངས་ཀྱི་ཁྱིམ་མཚེས་རྫོང་དང་གྲོང་ཁྱེར་ནས་ཡོང་བའི་རུ་ཁག་བརྒྱད་ཞུགས་ཡོད་པ་དང་། ཁོ་ཚོ་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་ནས་ཡོང་བའི་སྨར་ཁམས་རྫོང་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་སྡེ་རོང་རྫོང་དང་འབའ་ཐང་རྫོང་། ཡུན་ནན་ཞིང་ཆེན་གྱི་ས་དམ་གྲོང་ཁྱེར་ལག་རྩེད་སྤོ་ལོའི་མཐུན་ཚོགས། ནུའུ་ཅང་ཁུལ་གྱི་ཀོང་ཧྲན་རྫོང་། དེ་བཞིན་བདེ་ཆེན་ཁུལ་གྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འབའ་ལུང་རྫོང་། འཇོལ་རྫོང་བཅས་ནས་ཡོང་བ་དང་། ཐེངས་འདིའི་འགྲན་བསྡུར་དྲང་པོ་དྲང་གཞག་ཡིན་པའི་ཆེད་CBAའགྲན་བསྡུར་དུ་ཤན་འབྱེད་བྱས་མྱོང་བའི་རྒྱལ་ཁབ་རིམ་པའི་ཤན་འབྱེད་པ་མང་པོ་གདན་དྲངས་ཡོད།
འགོ་ཚུགས་མཛད་སྒོའི་ཐོགའཇོལ་རྫོང་གིས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་སྒྲིག་འཛུགས་བྱས་ཡོད་དེ། སྲོལ་རྒྱུན་གྱི་དངོས་མིན་རིག་གནས་ཤུལ་བཞག་གཞས་དང་ཨ་ཁྲི་མུའུ་ཀྭ ཀོང་རྩེད་རའི་སྐོར་བྲོ་སོགས་ཡོད་པ་མ་ཟད། ད་དུང་རང་ཁུལ་གྱི་སྐད་གྲགས་ཡོད་པའི་གླུ་བ་དང་གླུ་མ་ཡིས་གླུ་དབྱངས་ཕུལ་ཡོད་པས་ཡུལ་དངོས་སུ་འཁྲུག་ཆ་དོད་པོ་ཡོད།
ཤེས་གསལ་བྱུང་དོན། འགྲན་བསྡུར་དེ་ཟླ་9པའི་ཚེས་21ཉིན་བར་རྒྱུན་སྐྱོང་བྱ་རྒྱུ་དང་། ལྟད་མོ་བས་རིན་མི་དགོས་པར་ལུས་རྩལ་ཁང་དུ་ལྟ་འགྲོ་ཆོག རྒྱ་ཆེ་བའི་ལག་རྩེད་སྤོ་ལོ་དགའ་ཞན་ཡོད་མཁན་གྲོགས་པོ་ཚོར་སྐབས་ཐོག་འགྲན་བསྡུར་ལྟ་ཐུབ་པའི་ཆེད་འཇོལ་རྫོང་དང་ཁྱིམ་མཚེས་རྫོང་དང་གྲོང་ཁྱེར་གྱི་མཉམ་འདྲེས་སྨྱན་སྦྱོར་གྱིས་དུས་མཉམ་དུ་འགྲན་བསྡུར་གྱི་གནས་ཚུལ་གཟབ་རྒྱས་ཕེབས་ལམ་ཧྲིལ་པོའི་ཐད་གཏོང་བྱ་རྒྱུ་རེད།