བདེ་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་སྤྲོ་སེམས་འཁོལ་བའི་ཚུར་སྣང་ལན་ཆ་བྱུང་།༢

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་3ཉིན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་མ་ཟད་གཟིགས་སྦྲེང་དམག་དཔུང་ལ་གཟིགས་ཞིབ་གནང་བ་རེད། བདེ་ཆེན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྣམ་པ་སྣ་ཚོགས་བརྒྱུད་ཚོགས་ཆེན་གྱི་འཕེལ་རིམ་ལ་བལྟས་པ་དང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མར་ཚུར་སྣང་ལན་ཆ་ཟབ་མོ་བྱུང་བས་ཚང་མར་སྤོབས་པ་དེ་བས་ཆེ་བ་དང་། གདེང་ཚོད་དེ་བས་ཆེ་བ། རང་སྟོབས་དེ་བས་ཆེ་བ་བཅས་བྱུང་ཡོད།

        ཚང་མས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ། ཞི་བདེར་གཅེས་སྤྲས། འབྱུང་འགྱུར་གསར་གཏོད་བཅས་བྱེད་དེ་སྤྲོ་སེམས་སྔར་བས་འཕེལ་བ་དང་དད་སེམས་སྔར་བས་བརྟན་དུ་བཏང་ནས་ལས་དོན་དང་འཚོ་བར་ཞུགས་ཏེ་རང་ཁུལ་གྱི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

        སྤྱིར་བཏང་མིན་པའི་ལོ་ཟླ་བློ་ལ་བརྟན་པོར་ངེས་ནས་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་བསྐྱངས་པ།

        གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན་པའི་བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་གསར་གཏོད་བྱེད་ཐབས་ལ་བརྟེན་ནས་བདེ་ཆེན་གྱི་གསར་བརྗེའི་ལོ་རྒྱུས་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་འཁུར་ཡོད།དྲན་གསོའི་ཚོགས་ཆེན་གྲོལ་རྗེས།བཤམས་སྟོན་ཁང་གི་འགྲེལ་བཤད་པ་དོན་གྲུབ་སྒྲོལ་མས་སེམས་འགུལ་ཐེབས་བཞིན་དུ་དམག་གཟིགས་མཛད་སྒོ་གཟབ་རྒྱས་དེ་ནི་གསོན་ཉམས་དོད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་གཞི་ཞིག་དང་གཉིས་སུ་མ་མཆིས།པར་རིས་རེ་རེ་དང་རྣམ་པ་རེ་རེས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་།འབྱུང་འགྱུར་ང་ཚོས་དངོས་མང་བཤམས་སྟོན་ཁང་གི་གསར་བརྗེའི་ལོ་རྒྱུས་ཀྱི་སློབ་གསོ་དང་དྲིལ་བསྒྲགས་ལས་དོན་སྤེལ་སྐབས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་།གསར་བརྗེའི་ལོ་རྒྱུས་ཀྱི་སློབ་གསོ།གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་བཅས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས་པ་མ་ཟད།རྒྱལ་སྲུང་སློབ་གསོར་དེ་བས་ཤུགས་སྣོན་བརྒྱབ་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་ནང་གསར་བརྗེའི་སྙིང་སྟོབས་ལ་སྐྱེ་སྟོབས་དེ་བས་ཆེ་བ་འཕེལ་བ་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་།

        འབའ་ལུང་རྫོང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཧྲི་ལན་ལན་གྱིས་ཚོགས་ཆེན་ལ་བལྟས་རྗེས་མྱོང་ཚོར་ཟབ་མོ་བྱུང་ཡོད་དེ། ཐེངས་འདིའི་དམག་གཟིགས་ནི་རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུས་པ་ཞིག་ཡིན་ལ།ཐོབ་དཀའ་བའི་ཞི་བདེ་ལ་གཅེས་སྤྲས་ཆེན་པོ་གནང་བ་ཞིག་ཀྱང་ཡིན།ལོ་ངོ་བརྒྱད་ཅུའི་མཆོང་སྐྱོད་འདིའི་གུས་འདུད་ནི་རི་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོ་ཚོར་སྙིང་དབུས་ནས་ཞུས་པ་ཞིག་ཡིན་ལ།རླབས་ཆེན་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་ནུས་ལྡན་བྱས་པ་ཞིག་ཀྱང་ཡིན།དེས་རང་རྒྱལ་གྱི་ཉིན་བཞིན་སྟོབས་ཆེར་འགྲོ་བའི་ཕྱོགས་བསྡུས་རྒྱལ་སྟོབས་མཚོན་ཡོད་ལ།བརྗིད་རྔམ་ལྡན་པའི་མི་རིགས་ཀྱི་སྙིང་སྟོབས་ཀྱང་གཅིག་ཏུ་བསྒྲིལ་ཡོད།རྒྱལ་ཁ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས།མི་རབས་རྗེས་མས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ཞི་བདེ་སྲུང་སྐྱོང་བྱེད་དགོས་ངེས་རེད་ཅེས་བཤད་བྱུང་།

        ཁུལ་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་ཅིང་ལི་གཞོན་པ་མའོ་ཡན་ཕིང་གིས་རི་འགོག་དམག་འཁྲུག་གི་སྙིང་སྟོབས་ཁྲོད་ཀྱི་‘རྒྱལ་ཁབ་དར་རྒུད་ཇི་ཡོང་དེ།སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་’ཅེས་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་དེ།ལན་བརྒྱ་ཕམ་ཡང་དཔའ་མི་ཞུམ་པ་དང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་དེ་ནི་ང་ཚོས་དཀའ་ངལ་ཁྱད་བསད་དང་ཞུམ་མེད་མདུན་སྐྱོད་བྱེད་པའི་སྙིང་སྟོབས་ཀྱིས་ཁྲིད་སྟོན་བྱས་པ་ཞིག་རེད།ལོ་རྒྱུས་བློ་ལ་བརྟན་པོར་ངེས་དགོས་པ་ནི་མདུན་སྐྱོད་སྔར་ལས་ལེགས་པ་བྱེད་ཆེད་ཡིན།ང་ཚོས་སྙིང་སྟོབས་དེ་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ཏེ་སྤྲོ་སེམས་སྔར་བས་འཕེལ་བ་དང་དཔའ་ངར་སྔར་བས་ཆེར་བསྐྱེད་ཀྱིས་ཚོགས་པ་འཕེལ་རྒྱས་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་འབད་འཐབ་ལྷོད་མེད་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་འགྱུར་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཞེས་བཤད་པ་རེད།

        རང་འཁྲིའི་ལས་འགན་ལ་གཞི་ཚུགས་ནས་དུས་རབས་ཀྱི་འཕེལ་རིམ་གསར་པར་བསྐྱོད་པ།

        ཁུལ་འཕེལ་སྒྱུར་ཨུ་ལྷན་གློག་ཤུགས་ཁོའོ་ཡི་ཁོའོ་ཀྲང་ཧའོ་ཡུང་ཝང་གིས་དྲན་གསོའི་ཚོགས་ཆེན་ལ་ལྟ་བའི་མྱོང་ཚོར་གླེང་སྐབས།ཁོང་གིས་ཐེངས་འདིའི་དམག་གཟིགས་ཐོག་ནས་རང་རྒྱལ་གྱི་ཉིན་བཞིན་སྟོབས་ཆེར་འགྲོ་བའི་རྒྱལ་སྲུང་སྟོབས་ཤུགས་དང་ཕྱོགས་བསྡུས་རྒྱལ་སྟོབས་མངོན་པ་མ་ཟད།‘བརྟན་ལྷིང་ནི་འཕེལ་རྒྱས་ཀྱི་རྨང་རྡོ་དང་།འཕེལ་རྒྱས་ནི་བརྟན་ལྷིང་གི་འགན་ལེན’ཡིན་པའི་གཏིང་ཟབ་པའི་གཏན་ཚིགས་དེ་བས་ཀྱང་ངས་ཤེས་བྱུང་།དེ་ནི་བདེ་ཆེན་ནུས་རྒྱུའི་ཐོན་ལས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་ཚད་མཐོའི་མཐུན་པ་ཞིག་རེད།ནུས་ཁུངས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་རྩ་ཡིན་པ་དང་།ནུས་ཁུངས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བགྲོད་ལམ་ལྡོག་མེད་ཡིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་ནུས་ཁུངས་ཉེན་མེད་ཡོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་“3815”འཐབ་ཇུས་གོང་སྤེལ་དམིགས་འབེན་དང་ལྗང་མདོག་ནུས་ཁུངས་སྟོབས་ཆེར་གཏོང་བ། ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལ་དམ་པོར་དམིགས་ནས།བདེ་ཆེན་གྱི་ཆུ་ནུས་དང་ཉི་ནུས་སོགས་ནུས་ཁུངས་གཙང་མ་སྔོག་འདོན་གང་ལེགས་བྱ་རྒྱུ་ཡིན།“ཆུ་གློག་ལེགས་གྲས་དང་འོད་ཤུགས་ཆེ་རུ་གཏོང་བའི”ལས་ཀའི་བསམ་ཕྱོགས་གཞིར་བཟུང་།རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་།ལས་ཀའི་ཆེད་ཚན་འཛུགས་པ།མཐུན་སྦྱོར་འགན་ལེན་ལ་ཤུགས་སྣོན་རྒྱག་པ།ལྗང་མདོག་ནུས་རྒྱུའི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་ནང་དོན་ཟམ་མི་ཆད་པར་ཟབ་ཏུ་གཏོང་རྒྱུ་ཞེས་བཤད་པ་རེད།

        འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ནི་མི་རིགས་མང་པོ་འདུས་སྡོད་དང་རིག་གནས་མང་པོ་མཉམ་འདྲེས་ཐུབ་པའི་དཔེ་མཚོན་གྱི་ས་ཁུལ་ཞིག་ཡིན།གྲོང་རྡལ་ནང་གི་མི་རིགས་ཁག་གི་མང་ཚོགས་ཚོས་ཡུན་རིང་ཞི་མཐུན་མཉམ་གནས་དང་ལྟ་རེས་སྐྱོང་རེས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“མི་རིགས་ཁག་སེ་འབྲུའི་འབྲུ་གུ་ལྟར་དམ་པོར་སྦྲེལ་ཡོད”ཅེས་པའི་བརྩེ་དུང་ཟབ་མོ་མཚོན་ཡོད།དྲན་གསོའི་ཚོགས་ཆེན་ལ་གཟིགས་རྗེས།ལས་བྱེད་པ་དང་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་ལས་དབང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུས་ཧོ་ཡིས་"ལོ་ངོ་80ཡི་རིང་ལ། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ།དཀའ་སྡུག་ཚད་མེད་བརྒྱུད་མྱོང་བའི་ཀྲུང་ཧྭ་མི་རིགས་ཡར་ལངས་བྱུང་བ་དང་།ཕྱུག་པོར་གྱུར་བ་ནས་སྟོབས་ལྡན་དུ་གྱུར་བའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལྗོངས་དེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་དང་།ལས་རིགས་གཅིག་པ་ཅན་དང་མཉམ་དུ་འབད་བརྩོན་ལྷོད་མེད་བྱེད་པ་དང་ཁ་བྲལ་ཐབས་མེད། ‘རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་’ཡིན་པའི་མཐའ་ཆུ་གྲོང་རྡལ་གྱི་ཏང་ཨུས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་འབད་འབུངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་།གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ།གྲོང་གསེབ་དར་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་སོགས་ཀྱི་ལས་དོན་ཁྲོད་འབད་འབུངས་མདུན་སྐྱོད་དང་མདུན་གྲལ་དུ་བསྐྱོད་དེ་གྲོང་རྡལ་ཡོངས་ཀྱི་མང་ཚོགས་ལ་མུ་མཐུད་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་བཤད་བྱུང་།

        སེམས་ཀྱི་ཉི་ཟླ་སློབ་འབྲིང་གསུམ་པའི་ལུས་རྩལ་ཐང་དུ་དགེ་སློབ་ཚོས་གྲལ་འགྲིག་པའི་ངང་དྲན་གསོའི་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་པ་དང་།ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།དམའ་རིམ་སློབ་འབྲིང་གི་ཀུན་སྤྱོད་དང་ཁྲིམས་སྐྱོང་དགེ་རྒན་བསོད་རྣམས་རྒྱལ་མཚན་གྱིས་ཐད་གཏོང་ལ་བལྟས་རྗེས་སེམས་འགུལ་ཆེན་པོ་ཐེབས་ཤིང་།ཀྲུང་ཧྭ་མི་རིགས་ཀྱིས་ཞི་བདེར་གཅེས་སྤྲས་དང་སྲུང་སྐྱོང་བརྟན་པོ་བྱས་པར་མྱོང་ཚོར་ཟབ་མོ་བྱུང་ལ།རང་ཉིད་ཀྱི་ཕྲག་ཏུ་འཁུར་བའི“ཏང་གི་ཆེད་དུ་མི་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི”ལས་འགན་གལ་ཆེན་ཡང་དེ་བས་ཁ་གསལ་བྱུང་ཡོད།ཁོང་གིས“འབྱུང་འགྱུར་གྱི་སློབ་ཁྲིད་ཁྲོད།ངས་དྲན་གསོའི་ཚོགས་ཆེན་ནང་འདུས་པའི་རྒྱལ་གཅེས་སྙིང་སྟོབས་དང་འབད་འཐབ་ཀྱི་སྙིང་སྟོབས་སློབ་ཁྲིད་ཀྱི་ནང་དོན་དུ་བཅུག་སྟེ།སློབ་མ་ཚོས་ཞི་བདེ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་ངོ་མ་ཤེས་སུ་འཇུག་རྒྱུ་དང་།ཁོ་ཚོའི་སེམས་སུ་རྒྱལ་གཅེས་ཀྱི་ས་བོན་བཏབ་པ་དང་།ཁོ་ཚོའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་འཕེལ་བར་བྱས་ཏེ།ཁོང་ཚོས་སློབ་སྦྱོང་ལ་བརྩོན་པ་དང་ཉམས་ལེན་ལ་བརྟེན་ནས་སྟོབས་ཤུགས་གསོག་འཇོག་བྱེད་པར་ཁྲིད་སྟོན་བྱས་ཏེ།ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་མྱོང་ཚོར་ཟབ་མོས་བཤད།

        ཁུལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་དྲ་མིག་པ་ཀུའོ་ཡན་གྱིས་མྱོང་ཚོར་སྐོར་གླེང་སྐབས་མིག་ལམ་དུ་སེམས་འགུལ་དང་སྤོབས་སེམས་ཀྱིས་ཁེངས་ཡོད།ཁོང་གིས་དཔོན་དམག་ཚོའི་གོམ་སྟབས་ཀྱི་འགྱུར་ཁུག་དང་བསྟུན་ནས་གོ་མཚོན་སྒྲིག་ཆས་དཔའ་ངར་ཆེ་རུ་ཕྱིན་ཏེ་དུས་རབས་གསར་པའི་མི་དམངས་དམག་དཔུང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་ཉམས་འགྱུར་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་འཕེལ་རྒྱས་མྱུར་པོ་བྱུང་བ་གང་ལེགས་མཚོན་ཡོད།ཁོང་གིས་དྲ་མིག་ཅན་གྱི་མི་སྣ་གཞི་རིམ་བཅོས་སྐྱོང་གི་འཐབ་ས་དང་པོར་གནས་པ་ནི་ཏང་དང་སྲིད་གཞུང་དང་མང་ཚོགས་འབྲེལ་མཐུད་བྱེད་པའི“དབང་རྩའི་རྩེ་མོ”ཞིག་ཡིན་པ་དང་།ཕྲག་ཐོག་ཏུ་གཞི་རིམ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལྕི་པོ་འཁུར་ཡོད་པ་གསལ་པོ་ཤེས་ཀྱི་ཡོད། རྒྱལ་ཁབ་སྟོབས་ཆེན་ནི་གཞི་རིམ་བརྟན་ལྷིང་གི་རྒྱབ་རྟེན་བརྟན་པོ་ཡིན་པ་དང་དམག་གཟིགས་མཛད་སྒོ་ལས་ཞི་བདེ་སྲུང་སྐྱོང་གི་ཆོད་སེམས་མཚོན་ཡོད་ལ།ང་ཚོའི་རྒྱུན་གཏན་གྱི་ལས་དོན་ནི‘དུས་བདེའི་ཆེན་པོ’དེ་ཁྱིམ་ཚང་ཁྲི་སྟོང་མང་པོའི‘བདེ་སྐྱིད་ཆུང་ངུ’ཞེས་པའི་ནང་དོན་འཁྱོལ་བྱ་རྒྱུ་དེ་རེད།དྲ་མིག་ཆུང་ཡང་སྤྱི་ཡོངས་དང་འབྲེལ་བ་ཡོད།གོམ་སྟབས་རྗེས་མར་ངས་སྤོབས་སེམས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་ཏེ་དེ་བས་ཞིབ་ཚགས་ཀྱི་དོ་དམ་དང་དེ་བས་སྙིང་ཉེ་བའི་ཞབས་འདེགས་ཞུས་ནས་ཞི་མཐུན་དང་གནས་སྡོད་ལ་འཚམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་ཆེད་དྲ་མིག་ཅན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་བྱུང་།