རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དེས་ལོ་80སྔོན་གྱི་རྒྱལ་ཁ་ཆེན་པོ་དེར་དྲན་གསོ་བྱེད་པའི་དོན་སྙིང་གལ་ཆེན་མཚོན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་སྔོན་གཤེགས་དཔལ་བོ་ལ་དྲན་གསོ་ཞུ་བ་དང་། ཞི་བདེ་ལ་གཅེས་སྤྲས། འབྱུང་འགྱུར་གསར་གཏོད་བཅས་བྱེད་པའི་ཆོད་སེམས་བརྟན་པོ་སྟོན་པ། མི་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་ཡོད་ཞེས་བཏོན།
སྙིང་སྟོབས་རི་བོ་ལྟ་བུ། རྒྱུན་འཛིན་ད་དུང་ཡོད་པ།
ཁུལ་དམག་ཞབས་ཐིམ་པའི་དམག་མི་ལས་དོན་ཅུས་གཞུང་དོན་ཁང་གི་འགན་ཁུར་མི་སྣ་རྡོ་རྗེ་ཚེ་རིང་ནི་དམག་དཔུང་ནས་ལས་བྱེད་པར་སྒྱུར་མཁན་ཞིག་ཡིན་ལ། དྲན་གསོ་ཚོགས་ཆེན་གྱི་ཐད་གཏོང་བལྟ་སྐབས་ཁོང་ལ་སྤོབས་པའི་བསམ་ཚུལ་རང་ཤུགས་སུ་སྐྱེ་བ་དང་ཁོང་གིས་ངས་ཞི་བདེ་ནི་ཐོབ་སླ་པོ་མིན་པ་ཤེས་ཡོད། ང་ཚོས་ཞི་བདེའི་འཛམ་གླིང་ཞིག་ཏུ་འཚོ་བ་རོལ་བཞིན་ཡོད་པ་མ་རེད་མོད། འོན་ཀྱང་ང་ཚོས་ཞི་བདེའི་རྒྱལ་ཁབ་ཞིག་ཏུ་འཚོ་བ་རོལ་བཞིན་ཡོད་པ་རེད། འདི་ནི་སྔོན་གཤེགས་དཔའ་བོ་གྲངས་ལས་འདས་པ་ཡིས་ཁྲག་དང་སྲོག་གིས་བརྗེ་བ་ཡིན། ངས་ཀྱང་རྒྱལ་སྲུང་བྱ་གཞག་ཆེད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་མྱོང་། དེ་རིང་ཀྲུང་གོའི་དམག་དཔུང་འདི་འདྲ་སྟོབས་ལྡན་ཡིན་པ་དང་མེས་རྒྱལ་འདི་འདྲ་དར་རྒྱས་ཡིན་པ་མཐོང་སྐབས་སེམས་ནང་དགའ་སྤྲོ་དང་ང་རྒྱལ་གྱིས་ཁེངས་བྱུང་། ད་ཕྱིན་གྱི་ལས་ཀའི་ཁྲོད་ངས་མུ་མཐུད་དུ་དམག་མིའི་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུ་དང་དམག་ཁོངས་ནས་ཕྱིར་འཐེན་བྱས་ཀྱང་མདོག་མི་འགྱུར་བ་དང་དམག་ཞབས་ཐིམ་ཡང་བློ་སྟོབས་མི་ཉམས་བ་བྱས་ནས་བདེ་ཆེན་གྱི་འཕེལ་རྒྱས་ལ་ནུས་པ་ཕྲན་བུ་འདོན་རྒྱུ་ཡིན་ཞེས་ཟེར།
ཁུལ་སྤྱི་བདེ་ཅུས་ཉེན་རྟོག་ཞབས་ཞུ་འགན་ལེན་པུའུ་ཡི་རིམ་པ་བཞི་པའི་ཉེན་རྟོག་འགོ་དཔོན་ཧོ་ཞི་ཧོང་གིས་དྲན་གསོ་ཚོགས་ཆེན་གྱི་ཐད་གཏོང་བལྟས་རྗེས་སྟོབས་ལྡན་གྱི་མེས་རྒྱལ་འདི་འདྲ་ཞིག་ཏུ་སྐྱེས་བས་ང་རྒྱལ་དང་སྤོབས་པའི་བསམ་ཚུལ་སྐྱེ་བ་དང་།མོ་ཡིས་དཔོན་དམག་རྣམས་ཀྱི་རི་བོ་ལྟ་བུའི་ལྷག་བསམ་དང་། ངར་ལྕགས་ལྟ་བུའི་སྒྲིག་ཁྲིམས་གྱིས་ང་ལ་ཧ་ལས་སུ་བཅུག་བྱུང་། སྒྲིག་ཁྲིམས་གྱི་དཔུང་ཁག་ཡིན་པ་དང་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་ང་ལ་སྤོབས་པ་ཆེན་པོ་སྐྱེ་ཡོད་ལ། འགན་འཁྲི་གལ་འགངས་ཆེ་བ་དེ་བས་ཤེས་ཀྱི་ཡོད། མ་འོངས་པར། ངས་མུ་མཐུད་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་རྒྱུན་དང་། ལོ་རྒྱུས་བློ་ལ་བརྟན་པོ་ངེས་ཏེ་འབད་བརྩོན་བྱས་ནས་མདུན་སྐྱོད་བྱ་རྒྱུ། ལྷག་བསམ་རྣམ་དག་གི་ཉེན་རྟོག་པའི་རྣམ་ཤེས་བརྟན་དུ་བཏང་ནས་དངོས་འཐབ་ཀྱི་ནུས་པ་སྦྱོང་བརྡར་ཧུར་ཐག་བྱ་རྒྱུ། འཐབ་འཛིང་གི་བློ་སྟོབས་སྔར་ལས་མཐོན་པོ་སྤྱི་བདེ་ལས་དོན་ཁག་གི་ཁྲོད་དུ་གཏོང་བ་དང་དུས་རབས་གསར་པའི་མི་དམངས་ཉེན་རྟོག་པའི་འགན་འཁྲི་མཐའ་གཅིག་ཏུ་ཡག་པོ་སྒྲུབ་ནས་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་སྐྱོང་པ་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།
ལོ་80ཡི་སྔོན་ལ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་ཆེན་ཐོབ་པ་དང་། དེ་སྙིང་སྟོབས་ཞིག་ཏུ་གྱུར་ནས་མི་རབས་ནས་མི་རབས་ཀྱི་ཀྲུང་གོ་བ་བློ་བརྟན་འགྱུར་མེད་དང་འབད་བརྩོན་བྱེད་པར་སྐུལ་སློང་བྱེད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བརྟན་པོ་འོག་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་བཀག་འགོག་བྱེད་ཐབས་བྲལ་བ་དང་། རྒྱལ་ཁབ་སྟོབས་ལྡན་གྱི་དམིགས་འབེན་གསལ་པོར་མཐོང་ཐུབ་ཞེས་ཁུལ་མི་རབས་རྗེས་མར་སེམས་ཁུར་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་ལི་ཝེ་ཞིན་གྱིས་འདི་ལྟར་བཤད་པ་དང་། ཁོང་གིས་བདེ་ཆེན་ནི་ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ཁུལ་འབའ་ཞིག་ཡིན་པའི་ངོས་ནས་མེས་རྒྱལ་དར་རྒྱས་ཕྱིན་པ་དང་བསྟུན་ནས་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་བ་དང་། འཛམ་གླིང་གི‘སེམས་ཀྱི་ཉི་ཟླའི’སྐད་གྲགས་ཁྱབ་པ་མ་ཟད། ས་མཐོའི་བདེ་སྐྱིད་ཀྱི་ཡུལ་ལྗོངས་ཀྱང་རིམ་བཞིན་སྤེལ་བཞིན་ཡོད་ལ། མི་རབས་གཅིག་ལ་མི་རབས་གཅིག་གི་འཁྲི་འགན་ཡོད། བདེ་ཆེན་ཁུལ་གྱི་ཏང་གི་གཉེར་སྐྱོང་མི་སྣ་ཞིག་ཡིན་པའི་ངོས་ནས་ངས་ལས་གནས་ལ་གཞི་ཚུགས་ནས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ། རང་ཉིད་ཀྱི་ལས་སྒོ་ནུས་པ་དང་ཆབ་སྲིད་བྱང་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱ་རྒྱུ། 3+Nལས་ཀའི་བྱ་ཐབས་སློབ་སྦྱོང་དང་བཀོལ་སྤྱོད་ཡག་པོ་བྱེད་དེ་ཁུལ་ཡོངས་གྱི‘ཞབས་ཞུ་གསུམ་’གྱི་ལས་དོན་ནུས་ཆེའི་འཁོར་སྐྱོད་ལ་གཟི་བརྗིད་བསྣན་ནས་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་བྱུང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད།
ཁུལ་ཆེད་སྤྱོད་འཕྲིན་གཏོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཞའོ་ལིན་གྱིས“དེ་རིང་གི་དྲན་གསོའི་ཚོགས་ཆེན་གཟབ་རྒྱས་ནི་ང་ཚོས་ཞི་བདེ་དང་འབྱུང་འགྱུར་ལ་བཅངས་པའི་དམ་ཚིག་བརྟན་པོ་ཞིག་ཡིན་ལ། ཏང་གི་གཉེར་སྐྱོང་བྱེད་མཁན་ཞིག་ཡིན་པའི་ངོས་ནས་ང་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་དགོས་པ་དང་། རྒྱལ་གཅེས་བརྩེ་སེམས་དེ་གསར་གཏོད་དངོས་གཉེར་དུ་སྒྱུར་བ། ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་པ་དང་བློ་བརྟན་འགྱུར་མེད་ངང་རྒྱུགས་ལེན་གྱི་ལམ་གསར་པ་ཞིག་ཏུ་བསྐྱོད་དགོས་ཞེས་བཤད།
འགན་འཁྲི་ཕྲག་ཏུ་འཁུར། མདུན་སྐྱོད་ལ་སྐུལ་ལྕག་བྱེད།
དམག་གཟིགས་མཛད་སྒོ་གཟབ་རྒྱས་ཀྱིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་མངོན་ཡོད་པ་དང་། དཔལ་འབྱོར་དང་ཚན་རྩལ་གྱི་སྟོབས་ཤུགས་རྨང་གཞི་རུ་བྱེད་པའི་ཕྱོགས་བསྡུས་རྒྱལ་སྟོབས་ཀྱང་མངོན་ཡོད་པས་ཞི་བདེ་དང་འཕེལ་རྒྱས་ཀྱི་འགན་ལེན་ཞིག་ཀྱང་ཡིན། རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ་དང་བྱ་སྤྱོད་ཁྲོད་དོན་འཁྱོལ་བྱེད་དགོས་ཞེས་བཏོན།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་ཏང་ཙུང་ཀྲིའི་ཧྲུའུ་ཅི་ཝང་ཡོན་གྱིས་མངའ་ཁོངས་ཀྱི་ཏང་ཡོན་དང་མི་རིགས་སོ་སོའི་མང་ཚོགས་མཉམ་དུ་དྲན་གསོ་ཚོགས་ཆེན་གྱི་ཐད་གཏོང་བལྟས་པ་དང་། མོ་ཡིས་ད་ལོར་རྒྱ་ལམ་སྡེ་ཁུལ་ལ་རྒྱལ་ཡོངས་ཤེས་དཔལ་ལས་ཁུངས་ཞེས་པ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དཔེ་སྟོན་ལས་ཁུངས་ཀྱི་གསོ་སྐྱོང་བྱ་ཡུལ་ཞེས་པ་དཔྱད་འདེམ་ཐོབ་པ་དང་། ངས་འགན་འཁྲི་དེ་བས་ཆེ་བ་དང་འགན་འཁྲི་གཟི་བརྗིད་ལྡན་པར་ངོས་འཛིན་སྔར་ལས་གཏིང་ཟབ་བྱུང་། གཞི་རིམ་སྟོབས་ཆེ་ན་རྒྱལ་ཁབ་སྟོབས་ཆེ་བ་དང་། གཞི་རིམ་བདེ་ན་གནམ་འོག་བདེ། ང་ཚོས་ད་ཐེངས་ཀྱི་དམག་གཟིགས་མཛད་སྒོ་ནས་བརྒྱུད་སྤྲོད་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་རང་རྟོགས་དང་། གསར་བརྗེའི་སྤྲོ་སེམས་ཕུན་སུམ་ཚོགས་པོ། བློ་བརྟན་འགྱུར་མེད་ཀྱི་བསམ་པའི་རྣམ་པ་བཅས་རྒྱུན་གཏན་དུ་སྦྱོང་བ་དང་རྒྱུན་དུ་དམ་འཛིན་བྱེད་དེ། འཆམ་མཐུན་སྡེ་ཁུལ་སྲུང་སྐྱོང་བྱ་རྒྱུ་དེ་བརྟན་ལྷིང་ཀྱི་གལ་ཆེན་འགོ་གཙོ་དུ་བརྩིས་ནས་ཕན་ཚུན་ཕྲ་སྒྲིག་རྣམ་པའི་ལས་འགན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྡེ་ཁུལ་ནང་གི་མི་རིགས་བདུན་གྱིས་བཟང་བཀུར་དགེ་ཕྱོགས་དང་དཔལ་ཡོན་འཆམ་མཐུན་གྱི་ཁོར་ཡུག་ཁྲོད་དུ་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་སྔར་ལས་ལེགས་པར་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སུམ་རྩེན་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོ་ཀྲའོ་ནན་གྱིས་དེ་རིང་ང་ཚོས་ཁུལ་ཡོངས་ཀྱི་དགེ་འདུན་པ་དང་མཉམ་དུ་དྲན་གསོ་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་པས་སློབ་གསོ་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་། འདས་ཟིན་པའི་ལོ་རྒྱུས་ཐོག་ང་ཚོས་མི་རིགས་མཐུན་སྒྲིལ་ནི་རྒྱལ་ཁབ་སྟོབས་ཆེར་འགྲོ་བའི་རྨང་གཞི་གལ་ཆེན་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱུང་ཡོད། ཆོས་ལུགས་ལས་ཀ་བྱེད་མཁན་ཞིག་ཡིན་པའི་ངོས་ནས་དེ་རིང་ང་ཚོས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བར་འཚམ་པར་ཁྲིད་སྟོན་བྱེད་པའི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཡོད། གོམ་སྟབས་རྗེས་མར། ངས་རི་འགོག་དམག་འཁྲུག་གི་སྙིང་སྟོབས་དེ་དོན་དངོས་ཀྱི་བྱ་སྤྱོད་དུ་བསྒྱུར་ནས་སྤྲོ་སེམས་སྔར་ལས་ཕུན་སུམ་ཚོགས་པ་དང་ལས་ཀ་ཏན་ཏིག་གི་ཐོག་ནས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བར་འཚམ་པར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཤུལ་འཛིན་བྱས་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
ཁུལ་གཞོན་ནུའི་ལས་གཏོད་ལས་ཞུགས་མཐུན་ཚོགས་ཀྱི་ཚོགས་གཙོ། བདེ་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རུའེ་ཐའེ་བཟོ་ཚོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བློ་བཟང་རྒྱལ་མཚན་གྱིས་དྲན་གསོ་ཚོགས་ཆེན་གྱི་ཐད་གཏོང་བལྟས་རྗེས་སེམས་ཀྱི་རྦ་རླབས་ལང་ལོང་འཕྱུར་ཞིང་བསམ་ཚུལ་ཁྲི་སྟོང་མང་པོ་བྱུང་། ཁོང་གིས་གྲལ་འགྲིག་དང་གཅིག་གྱུར་གྱི་རུ་ཁག་གིས་གོམ་སྟབས་བློ་བརྟན་འགྱུར་མེད་ངང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་བརྒྱུད་པ་དང་། སྔོན་ཐོན་གྱི་མཚོན་ཆའི་སྒྲིག་ཆས་རིམ་བཞིན་མངོན་པ་མཐོང་སྐབས། ང་ལ་སྤོབས་པ་དང་སྤྲོ་སེམས་ཆེན་པོ་སྐྱེས་བྱུང་། འདི་ནི་རྒྱལ་ཁབ་ཀྱི་རྒྱལ་སྲུང་སྟོབས་ཤུགས་ཆེན་པོ་སྟོན་པ་ཡིན་པ་མ་ཟད། ཀྲུང་གོའི་ཕྱོགས་བསྡུས་རྒྱལ་སྟོབས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པའི་མཚོན་རྟགས་ཤིག་ཀྱང་ཡིན། རི་འགོག་དམག་འཁྲུག་གི་དམག་མི་རྒན་གྲས་ཚོས་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་ནས་བལྟས་ནས་འདར་ཡང་བློ་བརྟན་འགྱུར་མེད་ཀྱི་ལག་པ་སྤྱད་དེ་དམག་སྐྱོད་གུས་འདུད་བྱས་པར་ངས་རང་དབང་མེད་པར་མིག་ཆུ་ཤོར་ཡོད། ཁོང་ཚོས་རྒྱལ་ཁབ་དང་མི་དམངས་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་པས་ང་ཚོ་ཡུན་རིང་དུས་གཏན་དུ་སློབ་སྦྱོང་བྱེད་པའི་མིག་དཔེ་ཡིན། གོམ་སྟབས་རྗེས་མར། ངས་མཐུན་ཚོགས་ཀྱི་ལས་གྲོགས་ཡོངས་སྣེ་ཁྲིད་དེ་དྲན་གསོ་ཚོགས་ཆེན་གྱི་ཐད་གཏོང་ཁྲོད་བསྡུ་ལེན་བྱས་པའི་དད་སེམས་དང་སྟོབས་ཤུགས་དེ་གངས་ལྗོངས་སུ་རྩ་བ་ཚུགས་པ་དང་ལས་ཀ་བྱ་གཞག་གཏོད་པའི་སྒུལ་ཤུགས་སུ་བསྒྱུར་ཏེ། ལང་ཚོའི་བདག་དང་འབད་བརྩོན་གྱི་བདག་ལ་བརྟེན་ནས་བདེ་ཆེན་འཕེལ་རྒྱས་ལ་རོགས་རམ་བྱེད་དེ་ལས་ཞུགས་གྱི་གྲུབ་འབྲས་དང་ལས་གཏོད་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་རྒོད་རྣམས་ལ་སེམས་གསོ་དང་དུས་རབས་ལ་གུས་འདུད་ཞུས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱུང་བའི་ལམ་བུའི་ཁྲོད་བདེ་ཆེན་གཞོན་ནུ་རྣམས་ལ་དབང་བའི་འགན་འཁྲི་དང་གཟི་བརྗིད་འབྲི་རྒྱུ་ཡིན་ཞེས་བཤད།