རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་5ཉིན། 2025ལོའི་ཡུན་ནན་ཞིང་ཆེན་རྒྱང་བསྒྲགས་བརྙན་འཕྲིན་དང་མཉམ་འདྲེས་སྨྱན་སྦྱོར་གྱི་ལོ་ཚོགས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་གྱི་བླང་བྱ་ལག་བསྟར་བྱས་པ། 2024ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་དྲིལ་བསྒྲགས་ལས་དོན་ཕྱོགས་བསྡོམས་བྱས་པ་དང་། གཙོ་རྒྱུན་སྨྱན་སྦྱོར་གྱི་མ་ལག་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་དང་། དུས་མཚམས་རྗེས་མའི་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་གལ་ཆེའི་ལས་འགན་བཀོད་སྒྲིག རིམ་པ་བཞི་མཉམ་འགུལ་ལམ་སྲོལ་བྱ་ཐབས་གཏིང་ཟབ་ཏུ་གཏོང་བ། དྲ་རྒྱའི་བལྟ་ཉན་ལས་སྟེགས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཡུན་ནན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁུལ་(གྲོང་ཁྱེར་)དང་རྫོང་རིམ་པ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཁག་དང་མཉམ་ལས་སྔར་ལས་ལྷག་པར་ཤུགས་སྣོན་རྒྱག་རྒྱུ་སྐོར་དཔྱད་བསྡུར་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།
བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཤིས་ཚིག་བཤད་དུས་ཉེ་བའི་ལོ་ཤས་རིང་། ཡུན་ནན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་སྨྱུག་རྩེ་དང་པར་ཤེལ་ཐོག་ནས་བདེ་ཆེན་གྱི་མཐུན་སྒྲིལ་མདུན་སྐྱོད་དང་། འབྱུང་འཕྲོད་གོང་འཕེལ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་བཅས་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་པ་དེས་བདེ་ཆེན་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཡོད། ཡུན་ནན་རྒྱང་བསྒྲགས་བརྙན་འཕྲིན་ཁང་དང་དེ་བཞིན་སྤུན་ཟླ་ཁུལ་(གྲོང་ཁྱེར་)མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བར་སྔར་ལས་ལྷག་པར་མཉམ་ལས་གཏིང་ཟབ་གཏོང་སྟེ། མཉམ་འདྲེས་སྨྱན་སྦྱོར་འཛུགས་སྐྱོང་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ལག་རྩལ་བཀོལ་སྤྱོད། ཐོན་ཁུངས་མཉམ་སྤྱོད་སོགས་ཀྱི་ཐད་མཉམ་འགུལ་གྱི་ལམ་སྲོལ་སྔར་ལས་དམ་ཟབ་བཙུགས་ནས་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་གསར་འགྱུར་གླེང་ཕྱོགས་ལས་ཀའི་ཐབབས་ལམ་གསར་པ་ཐུན་མོང་ཐོག་འཚོལ་ཞིབ་བྱེད་པ་དང་ཀྲུང་གོའི་གཏམ་རྒྱུད་ཀྱི་ཡུན་ནན་བོད་འབྲེལ་ལེའུ་ཡག་པོ་བཤད་པའི་ནུས་པ་དང་ཆུ་སྙོམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་རེ་བ་ཡོད་པ་དང་དུས་མཚུངས་སུ་ལྷག་བསམ་ཟོལ་མེད་ཀྱིས་ཚང་མས་རྒྱུན་དུ་བདེ་ཆེན་དུ་མགྲོན་པི་ཡོང་བར་གདན་འདྲེན་ཞུ་ཞེས་བཤད་པ་རེད།
ཡུན་ནན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་ཏང་ཨུའི་ཧྲུའུ་ཅི།ཐའེ་ཀྲང་ལའེ་ཡུང་གིས་《མཉམ་འདྲེས་གྱི་གཏིང་ཕྱོགས་ལ་དམིགས་པ་དང་རིམ་པ་བཞིའི་མཉམ་འགུལ་ནུས་ཕྱོད་སྐུལ་སློང་བྱེད་དེ་ཡུན་ནན་གཙོ་རྒྱུན་སྨྱན་སྦྱོར་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྣམ་པ་གསར་པ་འབྲི་》ཞེས་པའི་གཙོ་དོན་གཏམ་བཤད་བྱས་པ་རེད།ཁོང་གིས་བཏོན་དོན། ཞིང་ཆེན་ཡོངས་ཀྱི་ཁུལ་(གྲོང་ཁྱེར་)གྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་16ན་ནིང་ལོ་མཇུག་ཏུ་ཚང་མ་ལེགས་གྲུབ་བཙུགས་པས་ཞིང་ཆེན་ཡོངས་ཀྱི་སྨྱན་སྦྱོར་འཁོར་སྐྱོད་བྱེད་སྟངས་“དམག་མི་རྐྱང་གིས་འཕྲལ་རྒོལ་བྱེད་པ”ནས“ཚོགས་པའི་དམག་འགོད”སུ་སྤུས་ཀའི་འགྱུར་ལྡོག་དང་མཆོང་སྐྱོད་བྱེད་འགོ་འཚུགས་པ་དང་། ལས་སྟེགས་སྣོན་པ”ནས“མ་ལག་མཉམ་འདྲེས་བྱེད་པའི”ཕྱོགས་སུ་གཏིང་ཟབ་བསྒྱུར་བ་མཚོན་ཡོད། གཅིག་མཐུན་ངོས་འཛིན་གོང་བུར་འགྲིལ་ཏེ། ཀྲུང་དབྱང་གིས་སྣེ་ཁྲིད་དང་། ཞིང་ཆེན་རིམ་པ་ཡིས་གཅིག་གྱུར་འཆར་འགོད། ཁུལ་(གྲོང་ཁྱེར་)དང་རྫོང་(ཁུལ)མཉམ་འགུལ་བཅས་ཀྱི་སྨྱན་སྦྱོར་ཡོངས་ཀྱི་ཁྱབ་སྤེལ་མ་ལག་ཧུར་ཐག་བསྐྲུན་ནས་གཙོ་རྒྱུན་མ་ལག་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་གོ་སྐབས་སྔོན་འཛིན་དང་རང་འགུལ་ཐོབ་དགོས།
ལོ་ཚོགས་ཐོག་2024ལོའི་ཞིང་ཆེན་ཡོངས་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་དང་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་སྤེལ་གཏོང་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་17ལ་2024ལོའི་ཞིང་ཆེན་ཡོངས་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་དང་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགྱུར་རྩོམ་ཡིག་སྐྱེལ་འཇོག་གྲུབ་འབྲས་མངོན་གསལ་དོད་པའི་ཚོགས་པ་ཐོབ་པ་རེད།རྒྱང་བསྒྲགསབརྙན་འཕྲིན་གྱི་གསར་འགྱུར་ལས་ཀ་བྱེད་མཁན་100ལ་2024ལོའི་ཞིང་ཆེན་ཡོངས་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་དང་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགྱུར་རྩོམ་ཡིག་སྐྱེལ་འཇོག་གྲུབ་འབྲས་མངོན་གསལ་དོད་པའི་མི་སྒེར་གྱི་བྱ་དགའ་ཐོབ་པ། དེའི་ནང་བདེ་ཆེན་གྱི་མི་7ཡོད་པ་རེད། ལོ་ཚོགས་ཐོག་ཡུན་ནན་རྒྱང་བསྒྲགས་བརྙན་འཕྲིན་ཁང་དང་ཁུལ་(གྲོང་ཁྱེར་)ཁག་གཅིག་གིས་ཐུན་མོང་ཐོག་གྲ་སྒྲིག་བྱས་པའི་མཉམ་འདྲེས་སྨྱན་སྦྱོར་གྱི་ལས་ཁང་10ལ་བྱང་བུ་སྤྲད་པ་དང་། གཙོ་རྒྱུན་སྨྱན་སྦྱོར་གྱི་མ་ལག་རང་བཞིན་གྱི་འཕོ་འགྱུར་གླེང་སྟེགས་འཚོགས་པ་རེད།
ཡུན་ནན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་རྩོམ་སྒྲིག་པ་ཁུང་ཝེ་ཧྭ་ཡིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་། བདེ་ཆེན་ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའུ་ཀྲི་ཅོན། ཡུན་ནན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་ཐའེ་ཁྲང་གཞོན་པ་ཝང་ཁོའོ། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཧོང་ཅེ་ལུང་། ལུའུ་ཏེ་མིང་། ཁུལ་(གྲོང་ཁྱེར་)ཁག་གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་འགན་ཁུར་མི་སྣ་སོགས་ཚོགས་འདུར་ཞུགས་པ་རེད།