རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་9པའི་ཚེས་4ཉིན་གྱི་སྔ་དྲོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཧྥུ་ཏེན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧང་ཀྲང་ཙེང་ཞའོ་སུང་དང་མཉམ་དུ་བཞུགས་མོལ་འཚོགས་འདུ་བསྡུས་པ་རེད། ཕྱོགས་གཉིས་ཀས་དངུལ་རྩས་དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་བྱེད་པ་སོགས་ཀྱི་གྲོས་དོན་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་དང་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་མོལ་གནང་ཡོད།
བཞུགས་མོལ་ཚོགས་འདུའི་ཐོག་ཀྲང་ཝེ་ཏུང་གིས་ཁུལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཧྥུ་ཏེན་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་ རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བདེ་ཆེན་གྱི་རིག་གནས་ཡུལ་སྐོར་དང་ཞིང་ལས་སོགས་ཐོན་ལས་འཕེལ་རྒྱས་འགྲོ་བའི་གནས་ཚུལ་ངོ་སྤྲོད་གནང་། ཁོང་གིས་བསྟན་དོན། ཧྥུ་ཏེན་དངུལ་ཁང་ནི་ཡུན་ནན་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་མ་རྐང་ལམ་ལུགས་ཀྱི་ཚོང་ལས་དངུལ་ཁང་དང་པོ་ཡིན་པ་དང་། ཡུན་ནན་བ་རང་ཉིད་ཀྱི་དངུལ་ཁང་ཡིན་པས། ཐོག་མཐའ་བར་གསུམ་དུ་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རང་ཉིད་ཀྱི་འོས་འགན་དུ་བརྩིས་ཡོད། འདས་ཟིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད་ཧྥུ་ཏེན་དངུལ་ཁང་གིས་བདེ་ཆེན་གྱི་ཐོན་ལས་འཕེལ་རྒྱས་དང་རྣམ་གྲངས་འཛུགས་སྐྲུན་སོགས་འགག་རྩའི་ཁྱབ་ཁོངས་མང་པོར་དངུལ་རྩའི་རྒྱབ་སྐྱོར་ནུས་ལྡན་མཁོ་འདོན་བྱས་པས། ཁུལ་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཧྥུ་ཏེན་དངུལ་ཁང་གིས་ས་གནས་སྲིད་གཞུང་དང་ཁེ་ལས་བར་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས་དངུལ་རྩ་དང་ས་གནས་ཀྱི་དཔལ་འབྱོར་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད། དངུལ་རྩའི་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སྒྱུར་དང་། དངུལ་རྩའི་ཐོན་རྫས་གསར་གཏོད། ཚོང་ར་སྣ་མང་ཅན་གྱི་མ་དངུལ་བསྡུ་རྒྱུག་གི་དགོས་མཁོ་སྔར་ལས་ལེགས་པར་བསྐང་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ་བདེ་ཆེན་གྱིས་ནུས་ཤུགས་ཡོད་རྒུས་ཞབས་ཞུའི་འགན་ལེན་ཡག་པོ་བྱས་ཏེ་ཁོར་ཡུག་བཟང་པོ་བསྐྲུན་ནས་ཧྥུ་ཏེན་དངུལ་ཁང་གིས་བདེ་ཆེན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།
ཙེང་ཞའོ་སུང་གིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཧྥུ་ཏེན་དངུལ་ཁང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཧྥུ་ཏེན་དངུལ་ཁང་གི་ཉེ་དུས་ཀྱི་གཉེར་སྐྱོང་འཁོར་སྐྱོད་གནས་ཚུལ་དང་། ལས་སྒོའི་བཀོད་པ། དེ་བཞིན་འབྱུང་འགྱུར་འཆར་འགོད་བཅས་ངོ་སྤྲོད་གནང་བ་རེད། ཁོང་གིས་བདེ་ཆེན་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་ཞིང་འབྱུང་འགྱུར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ་དང། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་མདུན་ལྗོངས་ཡག་པོ་ཡོད། ཧྥུ་ཏེན་དངུལ་ཁང་གིས་ཐོག་མཐའ་བར་གསུམ་དུ་རང་བདག་རང་ལས་ཀྱི་ནུས་པ་གཅིག་ཏུ་བསྡུས་ནས་དངུལ་རྩའི་ཁྱབ་ཁོངས་ཀྱི་ཆེད་ལས་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་བདེ་ཆེན་གྱི་འཕེལ་རྒྱས་གནས་བབ་དང་འཐབ་ཇུས་འཆར་འགོད་ལ་གཞི་ཚུགས་ཏེ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྲིད་ཇུས་གང་ལེགས་སྤྱད་དེ་སྤུས་ཚད་སྔར་ལས་མཐོ་བའི་དངུལ་རྩའི་ཞབས་ཞུ་དང་དེ་བས་ཁྱད་ཆོས་ལྡན་པའི་དངུལ་རྩའི་ཐོན་རྫས་མཁོ་འདོན་བྱས་ཏེ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་། རིག་གནས་ཡུལ་སྐོར་ཐོན་ལས་དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་སོགས་ལ་རྒྱབ་སྐྱོར་སྔར་ལས་མང་པོ་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན་པ་རེད།
ཁུལ་གྱི་འགོ་ཁྲིད་དབྱང་ཞུའེ་ཝུན་དང་། ཧྥུ་ཏེན་དངུལ་ཁང་གི་ཏང་ཨུའི་ཨུ་ཡོན་དང་། ཧང་ཀྲང་གཞོན་པ་ཝང་ཁེ་ཆང་བཞུགས་མོལ་ནང་ཞུགས་ཡོད།