རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-05   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།
རང་རྒྱལ་གྱི་དམངས་དོན་ཁྲིམས་གཞུང་གི་གཏན་འཁེལ་ལྟར་ན། “གལ་ཏེ་ཤུལ་བཞག་རྒྱུ་དངོས་ཀྱིས་གཞལ་དགོས་པའི་ཁྲལ་དངུལ་དང་གཞལ་དགོས་པའི་བུ་ལོན་གཙང་འཇལ་བྱེད་པར་མ་འདང་ན། ངེས་པར་ངལ་རྩོལ་བྱེད་ནུས་མེད་ལ་འཚོ་རྟེན་ཡོང་ཁུངས་ཀྱང་མེད་པའི་ཤུལ་འཛིན་མཁན་ལ་དགོས་ངེས་ཀྱི་ཤུལ་བཞག་རྒྱུ་དངོས་འཇོག་དགོས། དགོས་ངེས་ཀྱི་ཤུལ་བཞག་རྒྱུ་དངོས་ནི་ཁོ་ཚོའི་རྒྱུན་ལྡན་གྱི་འཚོ་བར་མཁོ་བའི་དགོས་ངེས་ཀྱི་ཤུལ་བཞག་རྒྱུ་དངོས་ཡིན་ལ། ཤུལ་བཞག་རྒྱུ་དངོས་ཡོངས་རྫོགས་སམ་སྤྱིར་བཏང་གི་མིའི་རྒྱུན་ལྡན་གྱི་འཚོ་བ་རོལ་བ་ལས་བརྒལ་བར་ཁག་ཐེག་བྱེད་པ་དེ་མིན། དགོས་ངེས་ཀྱི་ཤུལ་བཞག་རྒྱུ་དངོས་སོར་འཇོག་བྱེད་པར་ཁྲལ་དངུལ་དང་བུ་ལོན་འཇལ་བའི་དམིགས་བསལ་གྱི་ནུས་པ་ཡོད།