རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚན་པའི་ཁོངས་མི་དང་། ཁུལ་ཁྲིམས་ཁང་དང་ཁུལ་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅི་བཅས་ཁུལ་ཨུའི་ཚོགས་ཁང་12པར་གཅིག་སྡུད་ཀྱིས་ཉན་པ་དང་བལྟ་བཞིན་ཡོད།
ཁུལ་ཨུའི་སྒོ་ར་ཆེན་པོའི་སྡེ་ཚན་ཁག་གི་ལས་བྱེད་པ་དང་ལས་བཟོ་བ་ཡིས་ཁུལ་ཨུའི་སྙན་ཞུ་ཁང་དུ་གཅིག་བསྡུས་ཀྱིས་ཉན་པ་དང་ལྟ་བ་རེད།
ཁུལ་སྲིད་གཞུང་གཞུང་དོན་ཁང་གིས་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཚོགས་ཆེན་གྱི་ཐད་གཏོང་གཅིག་སྡུད་ཀྱིས་ཉན་པ་དང་ལྟ་ཞིང། ངོ་མཚར་ཆེ་བའི་རི་འགོག་གི་ལོ་རྒྱུས་དེར་ཐུན་མོང་ཐོག་ཕྱིར་དྲན་བྱས་པ་དང་། དཔའ་བོར་དྲན་གསོ་ཞུ་བ་དང་འབད་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་པ་རེད།
ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་ཚོགས་ཆེན་གྱི་ཐད་གཏོང་ལ་གཅིག་སྡུད་ངང་ལྟ་སྟེ། གཟིགས་ཞིབ་ཞུགས་པའི་དཔོན་དམག་ཚོའི་སྙིང་ཐག་པ་དང་། གོམ་སྐྱོད། བརྗིད་ཉམས་ལྡན་པའི་རྣམ་འགྱུར་བཅས་མཐོང་རྗེས། ན་གཞོན་ལས་བྱེད་པ་འགའ་ཞིག་གིས“གྲལ་སྟར་འདི་དང་། ཉམས་འགྱུར་འདི། ཧ་ཅང་མཛེས་པོ་འདུག”ཞེས་བསྔགས་བརྗོད་བྱེད་བཞིན་ཡོད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་གྲོང་མི་སྒྲིག་འཛུགས་བྱས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་གཅིག་སྡུད་ངང་ལྟ་བཞིན་ཡོད། སྡེ་ཁུལ་གྱི་གྲོང་མི་རྣམས་སྔ་མོ་ནས་གྲོང་མི་ཨུ་ལྷན་དུ་ཕེབས་བ་དང་། ཚང་མས་མི་རིགས་ཀྱི་གྱོན་ཆས་གྱོན་ནས་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཀྱིས་ཁེངས་ཤིང་། ཐད་གཏོང་ལ་བལྟས་ནས་རྒྱལ་གཅེས་ཀྱི་སེམས་ཤུགས་ཟབ་མོ་ཚོར་བཞིན་ཡོད།
སུམ་རྩེན་གླིང་ལྗོངས་ཁུལ་དུ་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པ་23དང་དེ་བཞིན་གཏན་འཇགས་གནས་ཡུལ་གཉིས་ཀྱི་དགེ་འདུན་འཐུས་མི་140ཡིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་གཅིག་སྡུད་ངང་བལྟས་ནས་ཚོགས་ཆེན་ཡོངས་ཀྱི་རྒྱལ་གཅེས་བརྩེ་སེམས་མཐོ་རུ་ཕྱིན་ཡོད།
འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་གཅིག་སྡུད་ངང་བལྟས་པ་དང་། ཚང་མའི་རྣམ་འགྱུར་སྒམ་ནན་ལྡན་པ་དང་སེམས་ཀྱི་རྦ་རླབས་ལང་ལོང་འཕྱུར་ཡོད།
སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་གིས་དགེ་སློབ་ཡོངས་ཐུན་མོང་སྒྲིག་འཛུགས་བྱས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་པ་དང་། ཐུན་མོང་ཐོག་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་སྔོན་གཤེགས་དཔའ་བོ་ལ་རྗེས་དྲན་ཞུ་བ་དང་། རྒྱལ་ཁབ་ཀྱི་མཆོག་ནོར་ལ་བདེན་དཔང་བྱས་པ་དང་འབད་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ཡོད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་འབྲིང་གསུམ་པའི་ལུས་རྩལ་ཐང་དུ་དགེ་སློབ་རྣམས་གྲལ་འགྲིག་ངང་བསྡད་ནས་ཐད་གཏོང་གི་རྣམ་པ་གཟབ་རྒྱས་ལ་བལྟས་ཡོད། ཀྲུང་གོ་མི་དམངས་གྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་པར་རིས་བརྙན་ཤེལ་ཆེན་པོའི་ཐོག་མངོན་སྐབས། དགེ་སློབ་རྣམས་ཀྱི་རྣམ་འགྱུར་སྒམ་ནན་ལྡན་པ་དང་མིག་མདངས་དོ་གནད་དམ་ཟབ་བྱས་ཡོད། ཚོགས་ཆེན་གྱི་འཕེལ་རིམ་སྐུལ་སྤེལ་བྱུང་བ་དང་བསྟུན་ནས། ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་དང་། རྒྱལ་དར་ཆུང་ཆུང་གྲངས་མེད་དགེ་སློབ་ཀྱི་ལག་ཏུ་གཡུག་གཡུག་བྱས་པ། ལྟ་ན་སྡུག་པའི་དམར་མདོག་དང་ནམ་མཁའི་སྤྲིན་དཀར་འོག་གི་སློབ་གྲྭ་འོད་མདངས་ཕན་ཚུན་འཕྲོ་བ་དང་རྒྱལ་གཅེས་ཀྱི་སེམས་ཤུགས་ཟབ་མོ་གངས་ལྗོངས་ས་མཐོའི་སློབ་གྲྭའི་ནང་དུ་འཕྱུར་བཞིན་ཡོད།