ཀྲང་ཝེ་ཏུང་གིས་ཀྲུང་ཧའོ་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་ཚད་ཡོད་འགན་འཁྲི་ཀུང་སིར་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-03   རྩོམ་ཁུངས།   

   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9ཚེས་2ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྲུང་ཧའོ་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་ཚད་ཡོད་འགན་འཁྲི་ཀུང་སིའི་ཡང་ཐང་རྟེན་གཞིར་ཀྲུང་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་ནས་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་ཁེ་ལས་ཀྱི་གནད་དོན་དངོས་ཐག་གཅོད་གནང་བ་རེད།

    བརྟག་དཔྱད་ཞིབ་འཇུག་བྱེད་རིང་། ཀྲང་ཝེ་ཏུང་གིས་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་རྟེན་གཞིར་རྟོག་ཞིབ་གནང་བ་དང་། འདེབས་འཛུགས་གཞི་ཁྱོན་དང་། སྣ་རིགས་གསོ་སྐྱོང་། ཐོན་སྐྱེད་དང་ཕྱིར་ཚོང་བྱེད་རིམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཁེ་ལས་ཀྱི་འཕེལ་རྒྱས་འཆར་འགོད། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས། ཁྲོམ་ར་ཕྱིར་ཚོང་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུ་ནན་ཏན་ངང་གསན་པ།  

    ཁེ་ལས་ལ་མིག་སྔར་གནས་པའི་དཀའ་ངལ་དང་གནད་དོན་ལ་དམིགས་ནས། ཀྲང་ཝེ་ཏུང་གིས་བསྟན་དོན། རིམ་ཁག་སྡེ་ཚན་ཁག་གིས་ཁེ་ལས་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་ངལ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ། ཁེ་ལས་འཕེལ་རྒྱས་ལ་ནུས་ཆེའི་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ཁེ་ལས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་ཁེ་ལས་འཕེལ་རྒྱས་ལ་འབྱུང་འགྱུར་གྱི་སེམས་ཁྲལ་མེད་པ་བཟོ་དགོས།

    ཀྲང་ཝེ་ཏུང་གིས་ཁེ་ལས་ཀྱིས་མཐའ་འཁོར་ས་ཁུལ་གྱི་ངལ་ནུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལས་མི་བཀོལ་སྤྱོད་བྱེད་ཐབས་རྒྱ་ཆེར་གཏོང་བ་དང་། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ངལ་རྩོལ་པའི་བྱང་ཚད་མཐོ་རུ་གཏོང་དགོས། ཐོན་ལས་ཞིང་འབྲེལ་དང་ཞིང་སྐྱོར་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྣམ་པ་གསར་པའི་ཞིང་ལས་གཉེར་སྐྱོང་བྱེད་པོ་དང་ཞིང་དུད་ཀྱིས་ཐོན་ལས་སྦྲེལ་ཐག་ཐོག་ལེགས་ཆ་གསབ་རེས་དང་ལས་བགོས་མཉམ་ལས་ཀྱི་གནས་བབ་ཡག་པོ་ཞིག་ཆགས་པར་བྱེད་པ་དང་། ཞིང་པར་སྔར་བས་མང་བའི་རིན་ཐང་འཕར་བའི་ཁེ་ཕན་དང་ལས་ཞུགས་ཀྱི་གོ་སྐབས་ཐོབ་པར་བྱས་ནས་ཐོན་ལས་དར་རྒྱས་དང་ཞིང་པ་ཕྱུག་པོ་ཆགས་པར་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་དགེ་མཚན་མུ་མཐུད་འདོན་སྤེལ་དང་། ཚན་རྩལ་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བ །ཚན་རིག་ཞིབ་འཇུག་སློབ་གྲྭ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་ཁང་ཆུང་གི་ལག་རྩལ་དགེ་མཚན་དེ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དུ་བསྒྱུར་བ།མཐོང་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།ཐོན་ལས་ཀྱི་འབྲེལ་ཐག་སྣུར་སྲིང་བྱས་ནས་ཚོང་རའི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས།  

    ཀྲང་ཝེ་ཏུང་གིས་ནན་བཤད་གནང་དོན། ཚན་རྩལ་རིགས་ཀྱི་ཁེ་ལས་ནི་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས།ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་།བདེ་ཆེན་གྱི་སྣོད་བཅུད་ཐོན་ཁུངས་ཀྱི་རང་བཞིན་དང་།གནམ་གཤིས་ཀྱི་ལེགས་ཆ།ཁྱད་ལྡན་སྨན་རྫས་ཀྱི་ཁྱད་ཆོས་བཅས་ལ་གཞི་ཚུགས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་གནད་སྨིན་ཇུས་འདོན་བྱས་ནས་ཀྲུང་ལུགས་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། འགན་ནུས་སྡེ་ཚན་ཁག་གིས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་ཁེ་ལས་ཀྱི་དཀའ་གནད་ཐག་གཅོད་བྱེད་དགོས་པ་དང་། ཁེ་ལས་སྟོབས་ཆེར་གཏོང་རྒྱུར་རོགས་རམ་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྤྲོད་དགོས།

    ཞུས་ཀོང་ཏེ། ཀྲོང་ཞའོ་ཕིང་། ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་བརྟག་ཞིབ་ནང་ཞུགས།