ཟླ་6རིང་སྟར་ཀ་ཟོས་ན་ཀླད་པར་ཕན་པ་ངེས་ཅན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-05   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

        2023ལོའི་ཟླ་4པར། གསོ་རིག་དུས་དེབ་《ལིའུ་ཡེ་ཏའོ་》ཞེས་པའི་ཡན་ལག་དུས་དེབ་ཐོག དུས་ཡུན་ཟླ་བ་6རིང་ལ་སྐབས་བསྟུན་འཚོ་བཅུད་ཐེ་གཏོགས་ཚོད་ལྟའི་གཤིབ་བསྡུར་བྱས་ནས། “སྟར་ཀ་ཟོས་ན་ཀླད་པར་ཕན་མིན་”ཞེས་པའི་དོན་དག་འདིའི་ཐད་ལན་རགས་ཙམ་བཏབ་ཡོད། ཞིབ་འཇུག་བྱས་པའི་ནང་ལོ་11ནས་16བར་གྱི་སློབ་འབྲིང་སློབ་མ་942བསྡུས་པ་དང་། གདམ་གསེས་བྱས་རྗེས་གཞོན་ནུ་ལོ་ཆུང་771དབྱེ་ཞིབ་ནང་བཅུག་པ་དང་འབྲེལ་སྐབས་བསྟུན་ཚོགས་ཆུང་བགོས་ཡོད།

        གཤིབ་བསྡུར་ཚོ་ཆུང་གིས་རྣམ་པ་གང་རུང་གི་ཐེ་གཏོགས་དང་ལེན་བྱས་མེད། 

        ཚོད་ལྟའི་ཚོ་ཆུང་ལ་ཉིན་རེར་སྟར་ཀའི་ནང་སྙིང་30gའདུས་པའི་ཁུག་མ་ཆུང་ཆུང་འབྱོར་སྲིད། ཧ་ལམ་སྟར་ཀ་3ནས་4བར་ཡིན། ཉིན་རེར་ཁུག་མ་1ཟ་དགོས། རྒྱུན་མཐུད་ཟླ་བ་6ཡིན། 

        ལྟ་ཞིབ་བྱས་རྗེས། ཞིབ་འཇུག་མི་སྣས་ཤེས་གསལ་ལྟར་ན། མི་133གང་བཤད་དེ་ཉན་གྱི་རང་བཞིན་ཅུང་ལེགས་པོ་ཡོད་པ་དང་། སྟར་ཀ་ཟ་བའི་དུས་ཚོད>ཉིན་100ཡིན།(ཉིན་རེར་རྒྱུན་མཐུད་དགོས་པའི་ངེས་པ་མེད།)

        འདི་ལྟར་ན། སྟར་ཀ་ཟ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཟླ་བ་6རིང་གང་བཤད་དེ་ཉན་གྱི་རང་བཞིན་ཅུང་ལེགས་པའི་གཞོན་ནུ་ལོ་ཆུང་གི་ངོས་ནས་བརྗོད་ན། སྟར་ཀས་དངོས་གནས་ཀླད་པར་ཕན་ནུས་ཐོན་ཡོད། ཞིབ་འཇུག་མི་སྣས་ཀྱང་དུས་བཀག་ལྟར་སྟར་ཀ་(གཟའ་འཁོར་རེར་3ལྷག་དང་། སྟར་ཀ་10ཙམ་ཡིན་)ཟོས་ན། རྒྱུན་མཐུད་ཀྱི་དོ་སྣང་བྱེད་ཤུགས་དང་། ལུས་ཁམས་ཀྱི་ཚོར་ནུས། འགུལ་སྐྱོད་མང་བའི་ནད་བཅས་ཀྱི་ནད་རྟགས་ལེགས་སུ་འགྲོ་སྲིད་མོད། འོན་ཀྱང་། བདེ་ཐང་གི་གཞོན་ནུ་ལོ་ཆུང་གི་དབང་རྩ་འཚར་སྐྱེ་ལ་ཤུགས་རྐྱེན་མངོན་གསལ་མི་ཐེབས་པའི་ངོས་འཛིན་བྱེད་ཀྱི་ཡོད།

        དོན་དངོས་ཐོག སྟར་ཀའི་ནང་དུ་ཀླད་པར་མཁོ་བའི་འཚོ་བཅུད་ཀྱི་གྲུབ་ཆ་མང་པོ་འདུས་ཡོད་པ་དཔེར་ན། སྤྲི་དཀར་ཀྱི་རྫས་ནི་ཀླད་ཆེན་གྱི་གྲུབ་ཆ་ཡིན། ཐཱན་ཆུ་འདྲེས་རྫས་ཀྱིས་ཀླད་པའི་འཁོར་སྐྱོད་ལ་ནུས་ཚད་མཁོ་འདོན་བྱེད་ཀྱི་ཡོད། ཚད་མ་ལོངས་པའི་ཚིལ་སྐྱུར་a-ཡ་མ་སྐྱུར་ནི་ལུས་ནང་དུ་DHAརུ་འགྱུར་ཐུབ་པས། ཀླད་པའི་བདེ་ཐང་ལ་ཕན་པ་ཡོད།

        འོན་ཀྱང་། དྲན་སྐུལ་བྱེད་དགོས་པ་ཞིག་ནི། ཞིབ་འཇུག་ལས་མངོན་པ་ལྟར་ན། ཡུན་རིང་སྟར་ཀ་ཟ་རྒྱུ་རྒྱུན་འཁྱོངས་བྱས་ན། “ཀླད་པར་”ཕན་པ་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་སྟར་ཀ་ཟ་བར་བརྟེན་ནས་བློ་རིག་གསལ་དུ་གཏོང་རྒྱུའི་རེ་བ་བྱེད་མི་རུང་།