རང་ཁུལ་གྱིས་ཧྲང་ཧའེ་དབྱི་ཕུང་འགྲིམ་འགྲུལ་ཚན་རྩལ་ཚོགས་པ་དང་ཧྲང་ཧའེ་ཏི་པེ་ཚོགས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ9པའི་ཚེས2ཉིན། རང་ཁུལ་དང་ཧྲང་ཧའེ་དབྱི་ཕུང་འགྲིམ་འགྲུལ་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི།ཧྲང་ཧའེ་ཏི་པེ་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་(ཚོགས་པ)མ་རྐང་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ།འབྲེལ་ཡོད་མཉམ་ལས་ལས་གཞི་ཇེ་མགྱོགས་སྤེལ་བ་དང་རིག་གནས་ཡུལ་སྐོར་ཐོན་ལས་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་བའི་ཐད་འབྲེལ་འདྲིས་གཏིང་ཟབ་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་དང་།ཧྲང་ཧའེ་དབྱི་ཕུང་འགྲིམ་འགྲུལ་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧྲེ་ཡོན་ཧྥེ།ཧྲང་ཧའེ་ཏེ་པི་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་(ཚོགས་པ)མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་གཞོན་པ་ཅི་ཞའོ་ཏུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྣམ་གྲངས་སྐུལ་འདེད་གནས་ཚུལ་གྱི་སྙན་སེང་གསན་པ་རེད།

    ཀྲང་ཝེ་ཏུང་གིས་ཧྲེ་ཡོན་ཧྥེ་དང་ཅི་ཞའོ་ཏུང་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་རྣམ་གྲངས་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་བྱུང་བར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་སེམས་ཀྱི་ཉི་ཟླའི་འཛམ་གླིང་ཡུལ་སྐོར་དམིགས་སའི་ཞབས་ཞུའི་ལེ་ལག་རིམ་སྤོར་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་རིག་གནས་ཡུལ་སྐོར་རྣམ་གྲངས་ནི་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”སྤུས་རྟགས་ཀྱི་ནང་དོན་རིམ་སྤོར་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་རྣམ་པ་གསར་པ་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།ཁེ་ལས་ཀྱིས་གཉེར་སྐྱོང་སྔོན་གྲབས་མངོན་གསལ་དོད་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་རྣམ་གྲངས་ཀྱི་ཁེ་གཉེར་རྣམ་པ་དང་གཉེར་སྐྱོང་འགན་ལེན་མ་ལག་འཆར་འགོད་ཇུས་འགོད་བྱས་ནས“འཛུགས་སྐྲུན་ལ་མཐོང་ཆེན་དང་གཉེར་སྐྱོང་ལ་སྣང་ཆུང་བྱེད་པའི”གནས་ཚུལ་ཐོན་རྒྱུ་གཏན་འགོག་བྱས་ཏེ་རྣམ་གྲངས་བསྐྲུན་རྗེས་རྒྱུན་མཐུད་ངང་ཁེ་གཉེར་ཐུབ་པ་དང་འཕེལ་རྒྱས་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས།འབྲེལ་ཡོད་སྡེ་ཚན་ཁག་གིས་སྔར་བས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཞབས་ཞུའི་འགན་ལེན་ཡག་པོ་བྱས་ནས་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གཙོ་འགན་གྱི་འགན་འཁྲི་དམ་འཛིན་བྱས་ནས་འགན་དབང་གི་འབྲེལ་བ་ཁ་གསལ་བཟོ་བ་དང་ཁྲིམས་དང་སྒྲིག་སྲོལ་ལྟར་མ་རྐང་བདག་དབང་གི་གྲུབ་ཆ་དང་།ཐོན་ཁུངས་སྤྱོད་པ།ཁེ་ཕན་བགོ་བཤའི་ལམ་སྲོལ་བཅས་གསལ་པོ་བཟོས་ནས་རྣམ་གྲངས་དུས་ཡུན་རིང་པོ་བརྟན་པོའི་ངང་གཉེར་སྐྱོང་ཐུབ་ཆེད་ལམ་ལུགས་ཀྱི་རྨང་གཞི་འདིང་དགོས་པའི་བླང་བྱ་བཏོན་པ་རེད།

    ཧྲི་ཡོན་ཧྥེས་ཁེ་ལས་ཀྱིས་མུ་མཐུད་བདེ་ཆེན་དུ་རོགས་སྐྱོར་གཏིང་ཟབ་བྱས་ནས་ཐོན་ཁུངས་སྤུས་ལེགས་བསྡུ་སྒྲིལ་བྱས་ཏེ་རྣམ་གྲངས་གང་མགྱོགས་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ་དང་།གཉེར་སྐྱོང་ཚོགས་པ་དང་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྣམ་གྲངས་བསྐྲུན་རྗེས་ཕན་འབྲས་ཡུན་རིང་ཐོན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

    ཚོགས་འདུའི་ཐོག་ཅི་ཞའོ་ཏུང་གིས་ཀུང་སིའི་གཞི་རྩའི་གནས་ཚུལ་དང་།རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གནས་ཚུལ།ས་ཁོངས་ཡོངས་ཀྱི་ཡུལ་སྐོར་རྣམ་གྲངས་ཀྱི་སྤྱིའི་གཉེར་སྐྱོང་བསམ་ཕྱོགས་དང་དེ་བཞིན་གོམ་སྟབས་རྗེས་མའི་འཆར་གཞི་བཅས་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད།ཁོང་གིས་བདེ་ཆེན་ཁུལ་དུ་རིག་གནས་ཀྱི་རྨང་གཞི་བརྟན་ལ་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།ཕྱོགས་གཉིས་པོས་ཐོན་ལས་ཀྱི་ནུས་པ་འདོན་པ་དང་།སྤུས་རྟགས་མཐོར་གཏོང་།ནང་དོན་གསར་གཏོད་སོགས་ཐད་མཉམ་ལས་བྱས་ཏེ་བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ནས་སྲིད་ཁེ་གཉིས་ཁེ་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། 

    ཁྲེན་ཆུན།ལིན་ཧའོ།ཀྲོང་ཞའོ་ཕིང་དང་དེ་བཞིན་ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་ནང་ཞུགས་ཡོད་པ་རེད།