ཀྲང་ཝེ་ཏུང་གིས་སྐད་ཚགས་ཤང་དུ་བརྟག་ཞིབ་ཕེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ9པའི་ཚེས་1ཉིན།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།   ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་དུ་གྲོང་གསེབ་དར་རྒྱས་དང་།  རིག་གནས་དང་ཡུལ་སྐོར་ཐོན་ལས་གྱི་འཕེལ་རྒྱས།  རྐང་ཐང་ལམ་ཐིག་གསར་སྤེལ་སོགས་ཀྱི་ལས་ཀ་ལ་ཆེད་དོན་བརྟག་ཞིབ་ཕེབས་བ་དང་།  ཡུལ་དངོས་ནས་གནད་དོན་ལ་དབྱེ་ཞིབ་དང་ཁ་ཕྱོགས་ཁ་གསལ་བཟོ་བ་མ་ཟད་གོམ་སྟབས་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།

        སྐད་ཚགས་ཤང་མཛེས་ཞིམ་ཆུར་བ་བཟོ་གྲྭར་བརྟག་ཞིབ་ཚོགས་ཆུང་གིས་བཟོ་གྲྭའི་གཞི་ཁྱོན་དང་། ཆུར་བ་ཀྱི་ཐོན་སྐྱེད་བཟོ་རྩལ། ཐོན་རྫས་ཀྱི་འཚོང་ལམ་དང་དེ་བཞིན་ཞིང་དུད་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་།ཀྲང་ཝེ་ཏུང་གིས་བསྟན་དོན།  ས་བབ་དང་ནམ་ཟླ་སོགས་ཐུན་མོང་མ་ཡིན་པའི་ལེགས་ཆར་གཞི་ཚུགས་ནས་ཆུར་བ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་སྟོབས་ཆེར་གཏོང་བ་དང་། སྤུས་ཚད་ཀྱི་འགག་སྒོ་ནན་དུ་གཏོང་བ། འབྱུང་ཁུངས་རྗེས་འདེད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། “བདེ་ཆེན་ས་མཐོའི་ཆུར་བ་”སྤུས་རྟགས་གཏོད་དགོས་པ་དང་།  “ཁེ་ལས་+མཉམ་ལས་ཁང་+ཞིང་དུད་”གྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ཟུངས་ནུས་བྱ་ཐབས་དང་། ཚོང་ཟོག་མངག་ཐོ་གསོ་སྤེལ། ལས་བཟོ་ལས་ཞུགས་སོགས་ཀྱི་བྱ་ཐབས་འཐུས་ཚང་དུ་བཏང་ནས་ཞིང་དུད་ལ་ལས་ཞུགས་ཐོན་ལས་འཕེལ་རྒྱས་ཀྱི་ནང་གཏིང་ཟབ་ཞུགས་སུ་བཅུག་པ་དང་རྒྱུན་མཐུད་གྱིས་འབབ་འཕར་ཐབས་ལམ་རྒྱ་སྐྱེད་གཏོང་དགོས།  

        སྐད་ཚགས་ཤང་གིས་ཁྱད་ལྡན་དམངས་སྲོལ་གནས་ཚང་དུ་བརྟག་ཞིབ་བྱེད་སྐབས་ཀྲང་ཝེ་ཏུང་གིས་ཡུལ་དངོས་ཐོག་མགྲོན་ཁང་བཀོད་སྒྲིག་དང་། སྒྲིག་ཆས་སྒྲིག་སྦྱོར། འཕྲོད་བསྟེན་ཀྱི་ཆ་རྐྱེན་དང་དེ་བཞིན་ཞབས་ཞུའི་བརྒྱུད་རིམ་བཅས་ལ་ལྟ་ཞིབ་བྱས་པ་དང་། དམངས་སྲོལ་གནས་ཚང་ཀྱི་ལས་གཉེར་མཁན་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་གཉེར་སྐྱོང་མ་གནས་དང་། འགྲུལ་རྒྱུན་གྲུབ་ཚུལ། དེ་བཞིན་གནས་པའི་དཀའ་ངལ་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་།ཀྲང་ཝེ་ཏུང་གིས་ནན་བཤད་བྱས་དོན།  སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཁྱད་ཡོན་ལྡན་པའི་ཐོན་ཁུངས་སྔོག་འདོན་གང་ལེགས་དང་། ས་ཁོངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། ཁྲོམ་རའི་ངེས་གནས་ཁ་གསལ་བཅས་བྱ་དགོས་པ་དང་།  དམིགས་འབེན་མཁོ་མཁན་གྱི་ཚོགས་པ་ལ་དོ་གནད་བྱེད་པ་དང་། དྲིལ་བསྒྲགས་དང་ཚོང་གཉེར་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ལེ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། བཞུད་ཚད་“ཉར་ཚད”དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དེ་ལས་མང་བའི་ཡུལ་སྐོར་བ་སྡོད་རྒྱུའི་ཡིད་དབང་འགུག་པ་བཅས་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་ཟམ་མི་ཆད་པར་སྐུལ་ཁྲིད་བྱེད་དགོས། ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་ཐོན་སྐྱེད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཡུལ་སྐོར་བ་སྐྱིད་པོར་སྡོད་དུ་བཅུག་ནས་གནས་དེ་གའི་དམངས་སྲོལ་གནས་ཚང་ཐོན་ལས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་འགན་སྲུང་བྱེད་དགོས།

        དེའི་རྗེས་སུ།  བརྟག་ཞིབ་ཚོགས་ཆུང་གིས་འོད་ལྡིང་མཚོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྐྱེ་ཁམས་སྲུང་སྐྱོང་གནས་ཚུལ། རྐང་ཐང་ལམ་ཐིག་འཆར་འགོད་བཀོད་སྒྲིག་བཅས་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་ལམ་ཐིག་གསར་སྤེལ་དང་། བདེ་འཇགས་འགན་ལེན། ཞབས་ཞུའི་ལེ་ལག་སོགས་ལས་དོན་སྐོར་གྱི་སྙན་ཞུ་ཉན་པ་རེད།  ཀྲང་ཝེ་ཏུང་གིས་ནན་བཤད་བྱས་དོན།  “3331”འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁྲིད་སྟོན་དུ་བྱས་ཏེ། གྲོང་གསེབ་དར་རྒྱས་དང་། ཐོན་ལས་འཕེལ་རྒྱས། ཡུལ་སྐོར་གསར་སྤེལ་བཅས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཀྱི་མཐའ་ཚད་སྲུང་འཛིན་བྱེད་དགོས་ལ་ཁྱད་ལྡན་ལེགས་ཆ་ཡང་འབུར་ཐོན་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་འགུལ་ནུས་སུ་བསྒྱུར་ནས་བདེ་ཆེན་སྤུས་ཚད་མཐོ་བའི་གོང་འཕེལ་བྱུང་བ་ལ་ཡུན་རིང་གི་གསོན་ཤུགས་བསྣན་དགོས་པ་དང་།  འོད་ལྡིང་མཚོ་3Aརིམ་པའི་མཛེས་ལྗོངས་ཁུལ་གྱི་ཞུ་འབུལ་ཡིག་ཐོག་སྙན་ཞུ་དང་གསར་བཟོ་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། སྲུང་སྐྱོང་དང་གསར་སྤེལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས་གསར་སྤེལ་ཚད་ལས་བརྒལ་བས་སྐྱེ་ཁམས་གཏོར་བརླག་མི་ཡོང་བ་བྱེད་དགོས།  ཞབས་ཞུའི་ལེ་ལག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ལེགས་པོ་བྱས་ཏེ་ཡུལ་སྐོར་ལས་རིགས་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་ཡུལ་སྐོར་བའི་ཉམས་ལེན་ཡག་པོར་གཏོང་དགོས།  བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་བ་འགྲོ་སྐྱོད་བྱེད་པའི་བདེ་འཇགས་འགན་ལེན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཞིང་དུད་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་ཞིང་པ་དང་མཉམ་འབྲེལ་དང་ཞིང་པར་སྣེ་ཁྲིད་སོགས་ཀྱི་བྱ་ཐབས་འཐུས་ཚང་དུ་བཏང་སྟེ་མཐའ་འཁོར་གྱི་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་དགོས།

        ཀྲོང་ཞའོ་ཕིང་དང་དེ་བཞིན་ཁུལ་དང་གྲོང་ཁྱེར་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བརྟག་ཞིབ་ནང་ཞུགས་པ་རེད།