ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལ་གསུངས་དོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-03   རྩོམ་ཁུངས།    མི་དམངས་དྲ་བ།

ཞི་ཅིན་ཕིང་གིས། འཛམ་གླིང་གི་དམག་དཔུང་རྩེ་གྲའི་གྲས་མགྱོགས་པོར་བསྐྲུན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས།

        ཟླ་9པའི་ཚེས་3ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80 འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་ཏང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་ཆོག་པའི་དཔའ་བོའི་དམག་དཔུང་ཞིག་རེད། དམག་ཡོངས་ཀྱི་དཔོན་དམག་གིས་ལྷག་བསམ་རྣམ་དག་གིས་མཆོག་ཏུ་གྱུར་པའི་འགན་འཁྲི་ལག་བསྟར་བྱས་ཏེ། འཛམ་གླིང་གི་དམག་དཔུང་རྩེ་གྲའི་གྲས་མགྱོགས་མྱུར་འཛུགས་སྐྲུན་དང་། རྒྱལ་ཁབ་ཀྱི་བདག་དབང་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་འཐབ་ཇུས་ཀྱི་འདེགས་སྐྱོར་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་སྔར་ལས་ལྷག་པར་འབུལ་དགོས་ཞེས་གསུངས་པ་རེད།