རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་8པའི་ཚེས་29ཉིན། ཁུལ་སྲིད་གཞུང་གིས་རྒྱུན་མཐུད་ངང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་ལས་དོན་གཏིང་ཟབ་ཏུ་གཏོང་བའི་སྐུལ་འདེད་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་རང་ཉིད་གསར་བརྗེ་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ། རྣམ་འགྱུར་སྔར་ལས་བློ་བརྟན་འགྱུར་མེད་དང་བྱ་སྤྱོད་སྔར་ལས་ནུས་ལྡན་གྱི་ཐོག་ནས་གཅིག་བསྡུས་བཅོས་སྒྲིག་གྱི“འཕྲལ་རྒོལ་དམག་འཐབ”རྒྱལ་ཁ་བླངས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་བྱེད་པ་མ་ཟད་གཏམ་བཤད་ཀྱང་བྱེད་པ་རེད།
ཚོགས་འདུའི་ཐོག་ཁུལ་ཞིང་ལས་གྲོང་གསེབ་ཅུས་དང་ཁུལ་སློབ་གསོ་དང་ལུས་རྩལ་ཅུས། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཁུལ་རིག་གནས་དང་ཡུལ་སྐོར་ཅུས། ཁུལ་དམངས་སྲིད་ཅུས་སོགས་སྡེ་ཁག་གིས་འབྲེལ་ཡོད་ལས་དོན་སྐུལ་འདེད་གཏོང་ཚུལ་གྱི་སྙན་སེང་ཞུས་པ་དང་། ཚོགས་འདུར་ཞུགས་པའི་སྲིད་གཞུང་གི་འགོ་ཁྲིད་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བླང་བྱ་ཞིབ་ཚགས་བཏོན་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱེད་པ་ནི་མི་སེར་གྱིས་རེ་སྒུག་བྱེད་པའི་དོན་དག་དངོས་ཡིན་ལ། ཏང་གི་སྲིད་སྐྱོང་རྨང་གཞི་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། གཅིག་བསྡུས་བཅོས་སྒྲིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། མི་དམངས་བློ་ཡིད་ཚིམ་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྣམ་གྲངས་རེ་རེ་དང་མངའ་ཁོངས་རེ་རེ་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས། ཁྱད་པར་དུ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཁ་གསལ་བཟོས་པའི་གཙོ་གནད་གནད་དོན་24ལ་དམིགས་ནས་དུས་ཚོད་དང་། ནུས་ཤུགས། སྟོབས་ཤུགས་བཅས་གཅིག་སྡུད་བྱས་ནས་བཅོས་སྒྲིག་དམ་འཛིན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་“གཏན་འཁེལ་གཉིས”བརྟན་སྲུང་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་དགོས།
ཚོགས་འདུའི་ཐོག་སྔར་ལས་ལྷག་པར་འགན་འཁྲི་ནན་དཀྲིས་བྱེད་དགོས་པ་དང་། སྲིད་གཞུང་གི་འགན་འཁུར་འགོ་ཁྲིད་དེ་མདུན་ཀྱིས་བཀོད་འདོམས་བྱེད་པ་དང་། རྣམ་གྲངས་རེ་རེ་བཞིན་ཞིབ་འཇུག་དང་སྐུལ་འདེད་གཏོང་དགོས། ཁུལ་རིམ་པའི་སྣེ་ཁྲིད་སྡེ་ཚན་གྱིས་བྱེད་པོའི་འགན་འཁྲི་བརྟན་པོར་ཁུར་ནས“རྒྱལ་ཁ་ཡོངས་སུ་མ་ཐོབ་བར་དམག་མི་བསྡུ་བའི”ཆོད་སེམས་ཐོག་ནས་བཅོས་སྒྲིག་དམ་འཛིན་ཏན་ཏིག་བྱེད་དགོས། གནད་དོན་སྔོག་འདོན་ཞིབ་ཕྲ་བྱེད་དགོས་ཏེ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། རང་འགུལ་ངང་གནད་དོན་གྱི་ཁུངས་སྣེ་ཡར་སྤྲོད་བྱེད་དེ་བཅོས་སྒྲིག་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགྲིལ་ཤུགས་གཅིག་སྒྲིལ་བྱ་དགོས། སྐུལ་ལྕག་དང་འགན་འཁྲི་བདའ་འདེད་གཉིས་ཀར་མཐོང་ཆེན་བྱེད་དེ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པའི་སྡེ་ཚན་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས་པ་དང་། འགན་འཁྲི་གང་བྱུང་དུ་རྒྱག་པ་དང་རང་འགན་གཞན་དཀྲི་བྱེད་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་བྱེད་དགོས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཚོགས་ཆུང་གཉིས་པའི་ལྡོག་སྐྱེལ་བྱེད་པའི་འབྲེལ་ཡོད་གནས་ཚུལ་གཙོ་གནད་དུ་བཟུང་ནས་སྒྲུབ་སྐུལ་བྱེད་དགོས།