ཁོག་པ་བཤལ་བ་ལ་ངང་ལག་ཟོས་ན་ཕན་པ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-09-01   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

        ཁོག་པ་བཤལ་བའི་སྐབས་སུ་ཚང་མས་བཟའ་བཏུང་གི་འཛེམ་བྱར་དོ་སྣང་ཆེན་པོ་བྱེད་ཅིང་། ལྷག་པར་དུ་ངང་ལག་ལ་དེ་བས་ཀྱང་འཛེམ་པ་རེད། རྒྱུ་མཚན་ནི་སིལ་ཏོག་འདིའི་རིགས་ལ་བཟའ་བཅའི་ཚི་སྣ་ཕུན་སུམ་ཚོགས་པོ་འཛོམས་པས། ཁོག་པ་བཤལ་བར་བྱེད་ཅིང་ནད་རྟགས་ཇེ་ལྕི་རུ་འགྲོ་བར་འདོད། དོན་དངོས་སུ་འཛེམ་བྱ་དེའི་རིགས་ནི་དགོས་མེད་ཀྱི་ཁོངས་སུ་གཏོགས།

        ཞིབ་འཇུག་མང་པོ་ལས་མངོན་པ་ལྟར་ན། བཟའ་བཅའི་ཚི་སྣ་དང་ལྷག་པར་དུ་ཞུ་རུང་རང་བཞིན་གྱི་བཟའ་བཅའི་ཚི་སྣ་ལ་ཁོག་པ་བཤལ་བ་དྲག་སྐྱེད་འབྱུང་བའི་ནུས་པ་མངོན་གསལ་ཡོད།

        ངང་ལག་གི་ནང་དུ་མིའི་ལུས་ལ་མཁོ་བའི་ཚད་ཉུང་གཞི་རྒྱུ་དང་འཚོ་རྒྱུ་སྣ་ཚོགས་འདུས་པས། ནད་པར་ཀ་ར་དང་གློག་འབྱེད་རྫས། ཞུ་རུང་བཟའ་བཅའི་ཚི་སྣ་སོགས་ཁ་གསབ་བྱེད་ཐུབ། དེའི་ཕྱིར། ཁོག་པ་བཤལ་བའི་སྐབས་སུ་ངང་ལག་འོས་འཚམ་ཟོས་ན་རྒྱུ་ལམ་ལ་ཕན་ཐོགས་པ་རེད།
        ངང་ལག་ཁྲོད་ཀྱི་ཐཱན་ཆུ་འདྲེས་སྦྱོར་རྫས་གཙོ་བོ་ནི་སིང་ཕྱེ་ཡིན་པ་དང་། སིལ་མངར་གྱི་འདུས་ཚད་ཅུང་དམའ། དེའི་ནང་གི་འདུས་ཚད་དམའ་བའི་མངར་ཆ་མང་པོ་རྒྱུ་མའི་ནང་དུ་ཕན་སྐྱེད་ཕྲ་སྲིན་ལ་མཁོ་བའི་འཚོ་བཅུད་དུ་འགྱུར་ཐུབ་པས། རྒྱུ་ལམ་ལེགས་པོར་གཏོང་བ་དང་ཟས་རིགས་འཇུ་བ། འཚོ་བཅུད་སྡུད་ལེན་བཅས་ལ་སྐུལ་འདེད་གཏོང་ཐུབ།

        ངང་ལག་ཁྲོད་ཀྱི་ཤིང་ཏོག་སྤྱིན་གྱིས་རྒྱུ་མའི་ནང་གི་ཆུ་སྡུད་ལེན་བྱེད་ཐུབ་པས། བཤང་བ་སྔར་ལས་འགྲུབ་སླ་ལ། བཤང་བ་འདོར་བའི་ཐེངས་གྲངས་ཇེ་ཉུང་དུ་གཏོང་ཐུབ། ངང་ལག་ཁྲོད་ཅཱ་དང་ནཱ། མཱེ་སོགས་ཀྱི་འདུས་ཚད་ཅུང་མཐོ་ཞིང་། གཏེར་རྫས་འདི་དག་ཁོག་པ་བཤལ་སྐབས་ཤོར་སླ་བས། ངང་ལག་འོས་འཚམ་ཟོས་ན་ཁོག་པ་བཤལ་ནས་ཆུ་དང་ཚྭའི་བརྗེ་ཚབ་འཁྲུགས་པ་སྙོམ་སྒྲིག་བྱེད་པར་ཕན།