གངས་ལྗོངས་མཐོ་སྒང་གི་ཚེ་སྲོག་གི་སྨན་རྩ་སྟེ་སྲོ་ལོ་དམར་པོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


ད་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི་4000ལྷག་ཡོད་པའི་བདེ་ཆེན་མཐོ་སྒང་གི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ན་སྲོ་ལོ་དམར་པོ་རྣམ་པར་བཞད་པའི་དུས་ལ་སླེབས་ཡོད།    གངས་ལྗོངས་མཐོ་སྒང་གི་ཚེ་སྲོག་གི་སྨན་རྩར་གྲགས་པའི་སྲོ་ལོ་དམར་པོ་ནི་རྩ་ཆེ་བའི་སྨན་རྩ་ཞིག་ཡིན་ལ།    མཐོ་སྒང་གི་ནམ་ཟླའི་འགྱུར་ལྡོག་སྣ་ཚོགས་བརྒྱུད་ནས་དེའི་ནང་གི་ཕན་ནུས་ཀྱི་འདུས་ཚད་ནི་རྩི་ཤིང་ཕལ་བའི་གྲུབ་ཆ་ལས་བཟང་ཞིང་།   འདབ་མ་རེ་རེ་གངས་ལྗོངས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཉིང་བཅུད་འདུས་ཡོད།