རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་8པའི་ཚེས་26ཉིན་ཉིན་ཁུལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་ས་གནས་ས་ཐོག་སྐུལ་འདེད་ཚོགས་འདུ་འབའ་ལུང་རྫོང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ་”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ལུགས་གསོ་རིག་གི་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ལས་དོན་བྱ་གཞག་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དང་དོན་འཁྱོལ་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་གོ་སྐབས་དང་བབ་བསྟུན་འཕྲལ་སྒྲུབ་དམ་འཛིན་བྱས་ཏེ་ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ལ་སྐུལ་འདེད་གཏོང་དགོས།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཡན་ལན་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྲུང་ལུགས་སྨན་རྫས་ཐོན་ལས་དེ་ཞིང་ལས་ཀྱི་སྤུས་འབྲས་ལེགས་གཏོང་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཕྱུག་འགྱུར་གྱི་ཐོན་ལས་གལ་ཆེན་ཞིག་ཏུ་བརྩིས་ནས་གསོ་སྐྱོང་བྱས་ནས་ཕན་འབྲས་བཟང་པོ་ཐོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གནས་བབ་གསལ་པོར་ངོས་འཛིན་དང་གྲུབ་འབྲས་ཁྲོད་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་ཡོང་བ་དང་། ཞན་ཆ་ཁྲོད་ནས་ཚད་བརྒལ་གྱི་ཁ་ཕྱོགས་འཚོལ་ཞིབ་བྱས་ཏེ་ཀྲུང་ལུགས་སྨན་རྫས་ཐོན་ལས་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་གཏོང་དགོས་པར་བསྟན་ཡོད།
ཚོགས་འདུའི་ཐོག་སླད་ཕྱིན་ལོ་གསུམ་རིང་རང་ཁུལ་གྱི་ཀྲུང་ལུགས་སྨན་རྫས་འཕེལ་རྒྱས་གཏོང་བའི་སྤྱིའི་བསམ་ཕྱོགས་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ལུགས་སྨན་རྫས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། དམ་པོར་འཛིན་པ་གནད་དུ་དམིགས་ཏེ་ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་དམིགས་འབེན་དང་། སྲིད་གཞུང་གིས་འཁྲིད་སྟོན་དང་ཁྲོམ་རས་གཙོ་ཁྲིད། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས། འཁོར་སྒུལ་གསར་སྤེལ། མཐུན་སྦྱོར་འཕེལ་རྒྱས། ས་གནས་ཀྱི་གནས་ཚུལ་དང་བསྟུན་པ། ཁྱད་ཆོས་ལྡན་པའི་འཕེལ་རྒྱས་བཅས་ཀྱི་གསར་གཏོད་མཐའ་འཁྱོངས་བྱས་ཏེ། རང་ཞིང་གི་རྡོ་ཐའི་ཐོན་ལས་ཀྱི“འདེབས་འཛུགས་འཆར་འགོད་གཅིག་གྱུར་དང་། སོན་ཁུངས་ཞིབ་འཇུག་གསར་སྤེལ་མཁོ་སྤྲོད་གཅིག་གྱུར། འདེབས་ལས་ལས་སྣོན་གཅིག་གྱུར། ཐོན་ཡུལ་ཚད་གཞི་གཅིག་གྱུར། ཉོ་སྒྲུབ་ཕྱིར་ཚོང་གཅིག་གྱུར། དོ་དམ་མ་ལག་གཅིག་གྱུར་བཅས་ཀྱི་ཉམས་མྱོང་དང་བྱེད་སྟངས་སློབ་སྦྱོང་བྱས་ཏེ། གཅིག་གྱུར་དོ་དམ་གྱིས་ཤུགས་རྒྱག་པ་འབད་བརྩོན་བྱེད་པ་དང་། སོན་ལས་སྣེ་མོ་དང་། འདེབས་འཛུགས་སྣེ་མོ། ལས་སྣོན་སྣེ་མོ། ཁྲོམ་རའི་སྣེ་མོ་བཅས་ཞིབ་ཚགས་བྱས་ཏེ། ཚན་རིག་ཞིབ་འཇུག་དང་། འདེབས་འཚུགས། ལས་སྣོན། ཚོང་གཉེར་བཅས་གཞི་གཅིག་ཏུ་འདུས་པའི་ཀྲུང་ལུགས་སྨན་རྫས་ཀྱི་སྦྲེལ་ཐག་བསྐྲུན་ནས་ཐོན་ལས་ཀྱི་རིན་ཐང་འཕར་རྒྱུ་དང་། ཁེ་ལས་ཀྱི་ཕན་འབྲས་འཕར་རྒྱུ། ཞིང་པའི་ཡོང་འབབ་འཕར་རྒྱུ་བཅས་ལ་འབད་བརྩོན་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་“སོན་ལས་སྣེ་མོ”གཙོ་གནད་དུ་བཟུང་སྟེ་རིགས་རྫས་དང་ཐོན་ཁུངས་ཀྱི་མིང་བྱང་འདི་ཧུར་ཐག་ཡག་པོ་རྒྱག་དགོས་པ་དང་། “འདེབས་འཛུགས་སྣེ་མོ”ཤུགས་རྒྱག་པ་འབད་བརྩོན་བྱེད་ནས་ཀྲུང་ལུགས་སྨན་རྫས་ཀྱི་རྒྱུ་སྤུས་དང་ཐོན་ཚད་མཐོ་རུ་གཏོང་བ། “ལས་སྣོན་སྣེ་མོ”ཤུགས་རྒྱག་པ་འབད་བརྩོན་བྱེད་ནས་ལས་སྣོན་གྱི་ཆུ་ཚད་དང་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་མཐོ་རུ་གཏོང་བ། “ཁྲོམ་རའི་སྣེ་མོ”ཤུགས་རྒྱག་པ་འབད་བརྩོན་བྱེད་ནས་ཕྱིར་ཚོང་གི་ཆུ་ཚད་ཆེ་རུ་གཏོང་བ། ཞིང་ལས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བ། སེམས་ཀྱི་ཉི་ཟླའི་སྤུས་རྟགས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ཨ་བི་ཁ་ཐོན་ལས་ཀྱི་“རྣམ་གྲངས་རྐྱང་པའི་ཨང་དང་པོ་”ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཞེས་ནན་གྱིས་བསྟན་ཡོད།
ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་སྲུང་དང་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་རང་རང་གི་འགན་འཁྲི་བསྒྲུབས་ནས་མཐུན་སྦྱོར་ངང་ནུས་ཤུགས་འདོན་དགོས་པ་དང་། འདེབས་འཛུགས་ཀྱི་མགོ་ཁུངས་ནས་མཐའ་སྣེའི་འཛད་སྤྱོད་བར་གྱི་འབྲེལ་ཐག་ཡོངས་ཀྱི་འགག་གནས་ཤར་གཏོང་ཐུབ་པར་བཟོས་ནས་ཁུལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་“མྱུར་ལམ་”ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག་འབའ་ལུང་རྫོང་གིས་སྙན་སེང་ཞུས་པ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་སྤེལ་རེས་གཏམ་བཤད་གནང་བ་རེད། ཡུན་ནན་པའེ་ཡའོ་ཚོགས་པ་དང་འབའ་ལུང་རྫོང་། ཡུན་ནན་ཧུང་ཞང་དབྱི་ཤིན་ཐང་སྨན་ལས་ཚོགས་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དབར་མཉམ་ལས་གྲོས་མཐུན་བཞག་པ་དང་། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་ཚད་ལྡན་ཅན་དང་སྤུས་ཚད་ཚོད་སྐོར་གསར་གཏོད་མནའ་འབྲེལ་དང་འབའ་ལུང་རྫོང་དབར་འབྲེལ་ཡོད་མཛུབ་ཁྲིད་ཞབས་ཞུའི་གྲོས་མཐུན་བཞག་པ་རེད།
ཚོགས་འདུ་མ་འཚོགས་གོང་ལུའོ་ཁྲའོ་ཧྥེང་དང་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཀྲུང་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་ལས་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་ཚོགས་ཞུགས་མི་སྣས་ད་དུང་ཀྲུང་ལུགས་སྨན་རྫས་ཀྱི་འབྲེལ་ཡོད་རྟེན་གཞི་དང་། ཀུང་སི། རྣམ་གྲངས་བཅས་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་རེད།
ཁྲེན་ཆུན་དང་། ཧོང་ལུང་ཞིན། ཞུས་ཀོང་ཏེ། ཕན་ཞུའེ་དབྱིན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་། རྫོང་གསུམ(གྲོང་ཁྱེར་)སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་བཅས་ཀྱི་འགན་འཁུར་བློ་མཐུན་དང་། འབྲེལ་ཡོད་རིགས་གཅིག་མཁས་ཅན་ཁེ་ལས་འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད།