རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་8པའི་ཚེས་27ཉིན་ཉིན་རང་ཁུལ་གྱིས“དྲོད་སེམས་ཁྱིམ་དུ་བསྐྱལ་བ། བློ་སེམས་གཅིག་མཐུན་གྱིས་སྤྱོད་གཙང་ལ་རོགས་སྐོར”ཞེས་པའི་ཁྱིམ་ཚང་སྤྱོད་སྐྱོང་ཆེད་དོན་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁུལ་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་ཁྱིམ་མི་ལ་སྐུལ་སློང་བྱས་ཏེ་ལག་གདང་སྦྲེལ་ནས་ཁྱིམ་ཚང་གི་སྤྱོད་གཙང་འགོག་སྲུང་སྐུད་ཐིག་བརྟན་པོར་འཛུགས་པ་དང་། སྒྲིག་སྲོལ་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། བདེ་ཆེན་ཆབ་སྲིད་ཀྱི་སྣང་ཚུལ་ཀྱི་ས་ཆུ་སྒྱུར་བཅོས་དང་། མ་ལག་གི་བསྐྱར་སྒྲིག གཙང་བཤེར་ལེགས་སུ་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།
ཀྲང་ཝེ་ཏུང་དང་། ཕེང་ཧྲན། ཞུས་སི་སི། ལི་ཡན་ལན་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུས་རྩ་འཛུགས་བྱས་ནས་སློབ་གསོའི་ཉེན་གཏོང་གློག་བརྙན་《འགྱོད་པ་སྐྱེ་ན་འཕྱི་དྲགས་པ》ཞེས་པར་བལྟས་ཡོད། ལུའོ་ཁྲའོ་ཧྥེང་གིས་ཁྱིམ་ཚང་ནི་རུལ་སུངས་འགོག་པའི་འགོག་སྲུང་དང་པོ་ཡིན་ལ། བདེ་སྐྱིད་སྲུང་སྐྱོང་བྱེད་པའི་གྲུ་ཁ་ཞིག་ཀྱང་ཡིན། ཚོགས་ཞུགས་ལས་བྱེད་པ་དང་དེ་བཞིན་ཁྱིམ་མིས“ལྟ་སྐུལ་ལས་གནས་མེད་པ”དང“མི་སེམས་འགལ་རྐྱེན་”“ཁྱད་དབང་བསམ་བློ་སྐྱེལ་འདྲེན” “ཁྱིམ་རྒྱུད་ཀྱི་བརྩེ་དུང་ཁེ་ཕན་”སོགས་ཀྱི་ཉེན་ཁ་ལ་ངེས་པར་དུ་དོགས་ཟོན་ཆེན་པོ་བྱེད་དགོས། རང་ཉིད་ལ་དོགས་ཟོན་བྱས་ནས་བསླུ་བྲིད་འགོག་པ་དང་མ་མཐའི་སྐུད་ཐིག་སྲུང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་ཚོགས་ཞུགས་ཁྱིམ་མིའི་འཐུས་མི་ཁག་གཅིག་གིས་གཏམ་བཤད་གནང་བ་རེད། ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཚབ་བྱས་ནས་ལས་བྱེད་པའི་ཁྱིམ་མི་ལ་དུས་ཡུན་རིང་པོའི་ནང་ལས་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཁྱིམ་མི་འཐུས་མིའི་གཏམ་བཤད་ཐོག་ཁྱིམ་ཚང་གི་སྤྱོད་གཙང་ལ་གཅེས་སྤྲས་དང་། རྩ་འཛུགས་ཀྱི་གསོ་སྐྱོང་ལ་དྲིན་ཆེ་བ། ཁྲིམས་སྲུང་བ་དང་ཆེས་མ་མཐའི་སྐུད་ཐིག་སྲུང་བར་གུས་བཀུར་བྱེད་པའི་ཐུན་མོང་གི་སེམས་གཏམ་མཚོན་པ་དང་། ཁྱིམ་ཚང་གི་བདེ་སྐྱིད་སྲུང་སྐྱོང་དང་། སྤྱོད་གཙང་འགོག་སྲུང་ལ་བློ་བརྟན་འགྱུར་མེད་ཡོད་པ་མངོན་ཡོད་པ་དང་། འགོ་ཁྲིད་ལས་བྱེད་པའི་ཁྱིམ་མིས་ཏང་སྲོལ་གྱི་སྤྱོད་གཙང་དར་སྤེལ་ཁྲོད་ཆབ་སྲིད་ཀྱི་གོ་རྟོགས་དང་ཁྱིམ་ཚང་གི་འགན་འཁྲི་ཁུར་སེམས་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད་ཅེས་བསྟན།
ལུའོ་ཁྲའོ་ཧྥེང་གིས་ཁྱིམ་ཚང་སྤྱོད་སྐྱོང་རྒྱུན་གཏན་གྱི་འཚོ་བ་དང་མཉམ་འདྲེས་ཡོང་བ་དང་། རྒྱུན་དུ་དམ་འཛིན་བྱས་ནས་རྒྱུན་མཐུད་ཀྱིས་སྟོབས་ཤུགས་དང་སྙིང་རུས་གཏན་འཁྱོངས་གཏོང་དགོས། ཁྱིམ་ཚང་གི་སྙིང་སྟོབས་ཀྱི་འཚོ་བཅུད་ཁ་གསབ་བྱས་ཏེ། ཕུགས་འདུན་དང་དད་སེམས་དེ་ཁྱིམ་ཚང་གི་ཁྲག་རྩ་ནང་འདྲེས་དགོས། ཏང་གི་རིག་གཞུང་གསར་གཏོད་སྐོར་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་ཕྲ་བཅས་བླངས་ཏེ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་ཁྱིམ་ཚང་གི་ཁྱིམ་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ནང་འདྲེས་ནས་ཁྱིམ་ཚང་གི་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་ཉེན་ཟོན་ཐུན་མོང་ཐོག་བརྟན་པོ་འཛུགས་དགོས། འགོ་ཁྲིད་ལས་བྱེད་པ་དང་ཁྱིམ་ཚང་གི་ཁོངས་མིས་འགན་འཁྲི་ཁ་གསལ་བཟོས་ནས་ཁྱིམ་ཚང་ནན་པོར་བཅོས་སྐྱོང་བྱས་ནས་ཁྱད་དབང་བསམ་བློ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས། ཁྱིམ་མིས་“སྤྱོད་གཙང་ནང་རོགས་”ཡག་པོ་བྱས་ཏེ“སྤྱོད་གཙང་གི་སྒོ་ཁ”ཡག་པོ་སྲུང་ནས་ཁྱིམ་ཚང་དེ་འགོག་ཟོན་རུལ་སུངས་ཀྱི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། ཕྱི་ནང་མཉམ་འགུལ་གྱི་ལྟ་སྐུལ་འགྲིལ་ཤུགས་ཆགས་པ་དང་ཁྱིམ་ཚང་ནང་ཁུལ་དུ་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་སྤེལ་རེས་ཀྱི་ལམ་སྲོལ་ཟུངས་ནུས་བྱ་ཐབས་འཛུགས་དགོས། ཁྱིམ་ཚང་དང་ལས་ཁུངས། སྤྱི་ཚོགས་བཅས་ཀྱི་མཉམ་འགུལ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། སྤྱོད་གཙང་ལ་བརྩི་བཀུར་དང་དྭངས་གཙང་གི་ཁྱིམ་ཚང་གི་ས་རྒྱུ་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཧུར་ཐག་བྱས་ཏེ་སྤྱོད་གཙང་དེ་ཁྱིམ་སྲོལ་གྱི་རྨང་གཞིར་འགྱུར་བ་དང་། ཁྱིམ་སྲོལ་དྭངས་གཙང་གིས་ཏང་སྲོལ་སྲིད་སྲོལ་གསོ་སྐྱོང་བྱ་དགོས་པའི་བླང་བྱ་བཏོན་ཡོད།
ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲུའུ་ཧུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུ་དེ་བརྙན་ལམ་ཐོག་ནས་འཚོགས་ཡོད། རང་ཁུལ་གྱི་ཐིང་རིམ་པའི་འགོ་ཁྲིད་དང་དེའི་ཁྱིམ་མི། ཁུལ་རིམ་པའི་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་དེའི་ཁྱིམ་མི་ཚོགས་ར་གཙོ་བོར་ཚོགས་འདུར་ཞུགས་ཡོད། རྫོང་གི(གྲོང་ཁྱེར་)ཁྲུའུ་གཞོན་པ་རིམ་པ་དང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་ཁྱིམ་མི་སོགས་ཡན་ལག་ཚོགས་རའི་ཚོགས་འདུའི་ནང་ཞུགས་ཡོད།