རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-25   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་གྲུབ་རྗེས། ཚེས་23ཉིན། བོད་ནས་གནམ་གྲུར་བཞུགས་ཏེ་པེ་ཅིང་དུ་ལོག་ཕེབས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངཌ་ལྟར། ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུཌ་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་བཟང་པོ་བསྣམས་ནས། ཉིན་ཤས་བསྟུད་མར་གངས་ལྗོངས་ས་མཐོར་ཟབ་འཇུག་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཏང་གི་དྲོ་སྐྱིད་ཚོར་བར་བྱས་པར། ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
ཉིན་དེའི་སྔ་དྲོར། ཝང་ཧུའུ་ཉིང་གིས་ཚོགས་པ་གཙོ་བོའི་སྣེ་ཁྲིད་དེ། གཞིས་རྩེ་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། དེ་བཞིན་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་འཚམས་འདྲི་གནང་བ་མ་ཟད་ལྷན་བཞུགས་སྐུ་པར་ཡང་བསྐྱོན་པ་དང་། གཞིས་རྩེ་གྲོང་ཁྱེར་ལ་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས” ཞེས་པའི་རྟེན་འབྲེལ་སྒོ་བན་བསྩལ་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད། ཚོགས་པ་གཙོ་བོ་བཀྲ་ཤིས་ལྷུན་པོ་དགོན་དུ་ཕེབས་ཏེ་ཆོས་ལུགས་ལས་རིགས་ཀྱི་མི་སྣར་འཚམས་འདྲི་གནང་བ་དང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པའི་རྟེན་འབྲེལ་གོས་དར་བསྩལ་བ་རེད། གཞན་ཡང་། ཚོགས་པ་གཙོ་བོ་ད་དུང་བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཀྲང་གོ་ཆིང་གིས་ཆབ་མདོ་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ཕེབས་ནས། ཆབ་མདོའི་སློབ་གསོའི་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་གནང་བ་དང་འབྲེལ།
སློབ་མ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཚང་མར་སློབ་སྦྱོང་ཡག་པོ་བྱས་ཏེ་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། སློབ་སྦྱོང་ལ་འབད་བརྩོན། ཕྱོགས་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་ཡག་པོ་ཞིག་བྱེད་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བློ་བཟང་རྒྱལ་མཚན་གྱིས་ནག་ཆུའི་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ་ལྷ་ས་ནག་ཆུ་མཐོ་འབྲིང་དང་པོར་ཕེབས་ནས། ས་བབ་མཐོ་བའི་ས་ཁུལ་གྱིས་ཡུལ་གཞན་དུ་སློབ་གྲྭ་གཉེར་ནས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། དགེ་སློབ་ཚོས་སྔར་བས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་ལྕག་སྐུལ་ཡང་གནང་བ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཉིང་ཁྲིའི་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དང་ཉིང་ཁྲི་གྲོང་ཁྱེར་སློབ་འབྲིང་དང་པོར་ཕེབས་ནས། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གནས་ཚུལ་དང་སློབ་གསོའི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། དེ་རྗེས་སྐུ་ཚབ་ཚོགས་པས་ཉིང་ཁྲི་གྲོང་ཁྱེར་འཆར་འགོད་ཁང་དུ་ཕེབས་ནས་གྲོང་ཁྱེར་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།
ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཧྲེང་མིན་གྱིས་ལྷོ་ཁའི་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ་བསམ་ཡས་དགོན་པར་ཕེབས་ནས“འདུ་ཤེས་གསུམ”གྱི་སློབ་གསོ་དང་། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད། དེ་བཞིན་རིག་དངོས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་མ་ཟད། བསམ་ཡས་དགོན་པར་རྟེན་འབྲེལ་གོས་དར་ཡང་བསྩལ་བ་རེད།
ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་ནས་ཞལ་གྱེས་སྐབས། རང་སྐྱོང་ལྗོངས་ཀྱིས་ཕེབས་སྐྱེལ་མཛད་སྒོ་འཚོགས་ནས། གངས་ལྗོངས་ཀྱི་བུ་ཕྲུག་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་སེམས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་བཅངས་པའི་ཡིད་ཆེས་བརྟན་པོ་མཚོན་པར་བྱས་པ་རེད།