ལུའོ་ཁྲའོ་ཧྥེང་གིས་གླེང་སྟེགས་འདི་ནས་མཛུབ་སྟོན་གཏམ་བཤད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཟླ་8ཚེས་19ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་གླེང་སྟེགས་(སྐབས་བཞི་པ)ཐོག་གཙོ་དོན་གཏམ་བཤད་གནང་སྟེ། ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད། _འཛམ་གླིང་གི་“སེམས་ཀྱི་ཉི་ཟླ།” ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་སྣ་མང་རིག་གནས་མཉམ་འདྲེས་གཏིང་ཟབ་པ་དེ་ཡིན། བདེ་ཆེན་ནི་རྒྱལ་ཁབ་རིམ་པའི་མི་རིགས་ཀྱི་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་ཞིག་ཡིན་ཏེ། “བོད་དབྱི་རིག་གནས་གནའ་ལམ”དང་“ཡུན་བོད་ཇ་རྟའི་གནའ་ལམ་”གྱི་འགག་རྩ་ཞིག་ཡིན་པས། རིག་གནས་སྣ་མང་མཉམ་འདྲེས་མཉམ་གནས་ཡིན་ལ། མི་རིགས་ཀྱི་རིག་གནས་ནི་སྣ་མང་མཚར་སྡུག་ལྡན་ཞིང་། གསར་བརྗེའི་རིག་གནས་ཀྱི་ལོ་ཟླའི་བཞུར་བརྒྱུན་རིང་། ཆོས་ལུགས་ཀྱི་རིག་གནས་འཆམ་མཐུན་མཉམ་འདྲེས་བཅས་ཡིན་སྟེ། བདེ་ཆེན་དུ་ཡོད་ན་སྣ་མང་རིག་གནས་ལ་མྱོང་རོལ་ཟབ་མོ་བྱས་ནས་མི་ཆོས་ཀྱི་རིག་གནས་ཡུལ་སྐོར་ལ་ཐེངས་གཅིག་བྱས་མཆོག