རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-25   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨེ་ཏི་སི་ཨ་པ་པ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་ཀློག་པ་པོའི་མཉམ་སྤྱོད་ཚོགས་འདུ་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པ་རུ་འཚོགས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཅང་ཅན་གོ་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་ཅུའུ་ཀྲང་གཞོན་པ་ཡུས་ཐའོ། ཨེ་ཙེ་ཨོ་ཕི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཧའེ། ལི་པེ་རི་ཡ་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཅེ་ཏི·མོ་པུའུ་ལེ·ཨཱ་མཱ་བཅས་དང་དེ་བཞིན་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་རིགས་དང་། རིག་གཞུང་ལས་རིགས། སྨྱན་སྦྱོར། སློབ་མའི་འཐུས་མི་སོགས་ལས་རིགས་ཁག་གི་མི་སྣ་150ཙམ་བྱེད་སྒོར་ཞུགས་པ་རེད།