ཞི་ཅིན་ཕིང་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་ནས་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-25   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཁྱབ་བསྒྲགས་བྱས་དོན། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ཟླ་8ཚེས་31ཉིན་ནས་ཟླ་9ཚེས་1ཉིན་བར་ཐེན་ཅིན་དུ་འཚོག་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་དང“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཀྱི་ཚོགས་འདུ་གཙོ་སྐྱོང་གནང་རྒྱུ་མ་ཟད་གཙོ་དོན་གཏམ་བཤད་ཀྱང་གནང་རྒྱུ་ཡིན་ཞིང་། དབུ་ཚོགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཞུགས་འགོ་ཁྲིད་ལ་ཕེབས་བསུའི་གསོལ་སྟོན་བཤམ་རྒྱུ་དང་ཕྱོགས་གཉིས་པོའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།