རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-25   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འབུངས་ཡར་བརྩོན་དང་ཐེག་པ་ཁུར་ལེན་བྱེད་པར་སྐུལ་ལྕག་ཐེབས་པ།
ཟླ་8ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ལྷ་སར་ཕེབས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་གསུང་བཤད་གལ་ཆེན་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་དང་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཏེ། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འབུངས་ཡར་བརྩོན་དང་ཐེག་པ་ཁུར་ལེན་བྱེད་པར་སྐུལ་ལྕག་ཐེབས་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད།
བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོཌ་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་རྒྱུན་འཁྱོངས་བྱུང་བ།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭའི(བོད་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)སློབ་ཁང་ནང་སློབ་མ་ཚོ་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་ཡོད། ལོ་ལྔའི་རིང་འདི་གར་སྔ་རྗེས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཐེངས་10གཉེར་བ་རེད། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ། དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི‘མོས་སེམས་ལྔ’མུ་མཐུད་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས”ཞེས་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭའི(བོད་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)སློབ་དོན་པུའུ་ཡི་ཀྲུའུ་རེན་གཞོན་པ་ཝང་ཤུན་ཀྲང་གིས་བརྗོད།
ནག་ཆུ་གྲོང་ཁྱེར་གྱིས་འདི་ལོ་ཚུན་དུ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བྱེད་སྒོ་ཐེངས་4384སྤེལ་ནས“ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་ཆེ་མོ་བྱེད་པའི”བྱེད་སྒོར་བརྟེན་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་3159ཐག་གཅོད་བྱས་ཡོད། “ང་ཚོས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་ནག་ཆུ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་འཕྲིན་ལས་དར་རྒྱས་ཀྱིས་བརྗོད།
“ཆོས་ལུགས་ཞི་དུལ་ཡོང་བར་ཆོས་ལུགས་ལས་དོན་དོ་དམ་གྱི་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་ཁ་འབྲལ་ཐབས་མེད”ཅེས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་དྲུང་ཆེ་ལིའུ་ཀྲོའུ་ཕིང་གིས་བརྗོད་ཅིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པའི་བླང་བྱར་གཞིགས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས་ཞེས་བརྗོད་པ་རེད།
“སྐར་གསོག་དངོས་པོ་བརྗེ་རེས་ལམ་སྲོལ་ལག་བསྟར་བྱས་པ་དེས་ཞིང་འབྲོག་པ་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པའི་ཧུར་སེམས་ཆེ་རུ་ཕྱིན་པ་དང་། ལུགས་རྙིང་སྲོལ་ངན་དོར་བ་དང་འགལ་ཟླ་དང་རྩོད་གཞི་སེལ་བར་སྐུལ་མ་ཐེབས་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དཀར་ཏོག་གིས་གདེང་ཚོད་ཆེན་པོས་བརྗོད།
དོན་དངོས་ནས་གཞི་ཚུགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
གཞིས་རྩེ་གྲོང་ཁྱེར་ལ་ད་ཆ་ནས་འབྲུའི་ལས་སྣོན་གྱི་སྣེ་འདྲེན་ཁེ་ལས་9ཡོད་པར་ལོ་རེར་ནས་ཏུན་ཁྲི་2.5ལྷག་ཙམ་ལས་སྣོན་བྱེད་ཀྱི་ཡོད་ཅིང་།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས’ཞེས་བསྟན་གནང་ཡོད། དེར་བརྟེན། གལ་ཆེ་བའི་ནས་ཐོན་ཁུལ་གཙོ་བོ་ཞིག་ཡིན་པའི་གཞིས་རྩེས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ནས་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་སྟེ། ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འདི་ཉིད་མང་ཚོགས་ཀྱི་འབབ་འཕར་གྱི‘གསེར་གྱི་ལྡེ་མིག’ཏུ་འགྱུར་བར་བྱེད་ཀྱི་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་དབྱང་ཁྲའོ་ཡིས་བརྗོད།
ད་ཆ་ལྷ་སའི་ཡུལ་ཕྱོགས་གང་སར་རི་བོ་སྔོ་ཞིང་ཆུ་བོ་དྭངས་པ་དང་། ལྷོ་རི་བྱང་རིར་རྩྭ་རྩི་ཤིང་ཚང་ཚིང་དུ་སྐྱེས་འདུག “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘འཛམ་གླིང་ཡང་རྩེ’དང‘ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག’ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་ཡོད། དེར་བརྟེན་ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་གང་ལེགས་བྱེད་པ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྱོང་གི་དམངས་ཡོངས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་སྔར་བས་བརྟན་དུ་གཏོང་གི་ཡིན”ཞེས་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་ལི་སང་གིས་བརྗོད།
མིག་སྔར། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་དུད་ཚང་124དང་དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་553འགུལ་རྣམ་གཙང་སེལ་བྱས་པ་དང་། ངལ་རྩོལ་པ་ཁྲི་4.68སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་ཐུབ་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་ལས་ཞུགས་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། རྒན་གསོ། བུ་བཅོལ་སོགས་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་དགོས’ཞེས་བསྟན་གནང་ཡོད། དེར་བརྟེན་ང་ཚོས་འགན་འཁྲི་ལྕི་པོ་ཡོད་པ་ཚོར་གྱི་འདུག གོམ་སྟབས་རྗེས་མར་འབྲེལ་ཡོད་ལས་དོན་གྱི་བྱེད་ཐབས་དོན་འཁྱོལ་ཏན་ཏིག་དང་དོན་འཁྱོལ་ཞིབ་ཕྲ་བྱེད་ཀྱི་ཡིན”ཞེས་བྲག་གཡབ་རྫོང་གི་རྫོང་དཔོན་ལི་ཁྲེང་ཀོང་གིས་བརྗོད།
ཟླ་8ཚེས་20ཉིན་བར་དིང་རིའི་ས་ཡོམ་གེགས་ཁུལ་གྱི་དུད་ཚང་3723གྱི་མི་20468ཀྱི་ལག་པར་སྡོད་ཁང་གསར་པའི་ལྡེ་མིག་རག་ཡོད། “མགྱོགས་པོ་འདི་འདྲར་བརྟན་ལ་ཡིད་དུ་འོང་བའི་ཁང་པ་གསར་པའི་ནང་སྤོ་ཐུབ་པ་བྱུང་སོང་། ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་གྲོང་མི་བཀྲ་ཤིས་ནོར་བུས་སྐྱིད་པའི་འཛུམ་མདངས་འཕྱུར་བཞིན་བརྗོད། དིང་རི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་བཀྲ་ཤིས་དོན་གྲུབ་ཀྱིས“ང་ཚོས་གེགས་རྗེས་བསྐྱར་སྐྲུན་གྱི་རྗེས་མཐུད་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་ཐོན་ལས་སྒྲིག་བཀོད་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཚོའི་བཀོད་པ་ལེགས་སུ་ཧུར་ཐག་གཏོང་བ། ལས་ཞུགས་འབབ་འཕར་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱེད་ཀྱི་ཡིན”ཞེས་བརྗོད།
ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།
མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་ལོ་གཅིག་གི་རིང་ཞིང་འབྲོག་པ་ཏང་ཡོན་སྒྲིག་འཛུགས་བྱས་ནས་གཅིག་སྡུད་སློབ་སྦྱོང་ཐེངས་58བྱས་ཡོད། “ང་ཚོས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། མཐའ་མཚམས་འཛུགས་སྐྲུན་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་གཙོ་གནད་ལས་འགན་ལ་སྐུལ་འདེད་ཏན་ཏིག་གཏོང་གི་ཡིན”ཞེས་མངའ་རིས་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྤུ་ཧྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི་ལི་ཕིང་གིས་བརྗོད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་ལོ་རེའི་དཔྱིད་ཀར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་འགུག་གི་ཡོད། ཀ་ལ་གྲོང་ཚོའི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་བ་ཚང་དང་ར་སྐོར་བཤིག་ནས་གྲོང་ཚོ་ཡོངས་ལ་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུའི་སྣེ་ཁྲིད་བྱས་ཡོད། “ང་ཚོས་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་འཛིང་ནུས་པར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། “ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་དེ་བས་ལེགས་པར་བཏོད་ནས་ཡུལ་མི་རྣམས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་པད་མ་གཡང་གིས་བརྗོད།
ལྷ་ས་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ། གཅིག་སྡུད་སློབ་སྦྱོང་ཐེངས་ཁྲི་2.1ལྷག་ཙམ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་3949ལ་ཁྱབ་ཡོད། ལྷ་ས་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་གྲོང་ཁྱེར་སློབ་སྦྱོང་སློབ་གསོ་ལས་དོན་ཆེད་དོན་ཚན་ཁག་གི་ཀྲུའུ་རེན་གཞོན་པ་མིག་དམར་ཚེ་རིང་གིས“སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་སྒུལ་ཤུགས་ཆེན་པོར་སྒྱུར་དགོས”ཞེས་བརྗོད།