རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་8པའི་ཚེས་19ཉིན། སེམས་ཀྱི་ཉི་ཟླའི་གླེང་སྟེགས་(སྐབས་བཞི་པ་) སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། གླེང་སྟེགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་ས་གནས་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་པ། འགོ་ཁྲིད་མགྲོན་པོ་གདན་དྲངས་ནས་བློ་གྲོས་གཅིག་ཏུ་འདུ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ཏེ“སེམས་ཀྱི་ཉི་ཟླའི” ནང་དོན་ལ་ཞིབ་དཔྱད་གཏིང་ཟབ་དང་“ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད། འཛམ་གླིང་གི‘སེམས་ཀྱི་ཉི་ཟླ’ཞེས་པའི་སྤུས་རྟགས་ཀྱི་དངོས་མཚོན་ཅན་ལ་འཚོལ་ཞིབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན།
ཁུལ་ཨུའི་ཧྲུའུ་ཅི་ལོ་ཁྲའོ་ཧྥེང་གླེང་སྟེགས་ཞིབ་གྲོས་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཤིས་ཚིག་གནང་བ།
ཕེང་ཧྲན། ཞུས་སི་སི། ལི་ཡན་ལན་བཅས་ཕེབས་པ།
ལུའོ་ཁྲའོ་ཧྥེང་གིས་“ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད། འཛམ་གླིང་གི‘སེམས་ཀྱི་ཉི་ཟླ’ཞེས་པའི”སྤུས་རྟགས་ཀྱི་མངོན་མཚོན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་བླང་བྱ་ཞིག་ཡིན་པ་དང་། བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་བ་ཟབ་མོ་འགེལ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་ཁོངས་འཕེལ་རྒྱས་དང་དེ་བས་འབྲེལ་བ་དམ་ཟབ་ཡོད་པས་དེ་ནི་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གནད་དོན་སྒྲུབ་ཐབས་ཤིག་ཏུ་གྱུར་ཡོད། “ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད། འཛམ་གླིང་གི‘སེམས་ཀྱི་ཉི་ཟླ’ཞེས་པའི”སྤུས་རྟགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ། དེའི་ཆེས་མངོན་གསལ་གྱི་ཁྱད་ཆོས་ནི་མི་རིགས་མཐུན་སྒྲིལ་ནི་ཁྱིམ་ཚང་གཅིག་ལྟར་མཐུན་པ་དང་། ཆེས་དམིགས་གསལ་ཅན་གྱི་ཉམས་འགྱུར་ནི་སྣ་མང་རིག་གནས་མཉམ་འདྲེས་གཏིང་ཟབ་བྱུང་བ། ཆེས་མངོན་གསལ་དོད་པའི་རྨང་གཞི་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས། ཆེས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ནི་དཔྱིད་དབྱར་སྟོན་དགུན་བཞི་བོ་རི་མོ་ལྟར་མཛེས་པ། ཆེས་དྲོ་སྐྱིད་ལྡན་པའི་ཞིབ་བརྗོད་ནི་དཔྱིད་དཔལ་རྒྱས་པའི་བདེ་སྐྱིད་ཀྱི་གནས་ཚུལ་དངོས་པོ་བཅས་ཡིན། བདེ་ཆེན་ཁུལ་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་བྱེད་སྒོ་དང་། རྣམ་གྲངས། ཚོང་འགུགས། ཁེ་ལས། དྲིལ་བསྒྲགས། ཞབས་ཞུ་བཅས་ཕྱོགས་དྲུག་གི་ཐོག་ནས་ཞིབ་ཚགས་ངང་བསྐྲུན་ཏེ“ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད། འཛམ་གླིང་གི‘སེམས་ཀྱི་ཉི་ཟླ་ཞེས་པའི’”སྤུས་རྟགས་ཀྱི་ནང་དོན་དེ་ཚོར་ཐུབ་པ་དང་། ཞུགས་ཐུབ་པ། ཉམས་ལེན་ཐུབ་པ། ཡིད་སྨོན་འཆོར་ས་བཅས་སུ་འགྱུར་བ་བྱ་རྒྱུ་ཡིན། སྤྲོ་སེམས་འཁོལ་བའི་ངང་སྤྱི་ཚོགས་ལས་རིགས་ཁག་དང་མཉམ་ལས་དེ་བས་དམ་ཟབ་བྱས་ནས་སྤུས་རྟགས་རིག་གནས་ཀྱི་ནང་དོན་མཉམ་དུ་སྔོག་འདོན་དང་། སྤུས་རྟགས་ཀྱི་སྣོད་བཅུད་སྲུང་སྐྱོང་། སྤུས་རྟགས་ཀྱི་འཕེལ་རྒྱས་གསོན་ཤུགས་འཕེལ་བ། སྤུས་རྟགས་ཀྱི་རྒྱལ་སྤྱིའི་མཚན་སྙན་མཐོ་རུ་གཏོང་བ། སྤུས་རྟགས་ཀྱི་ནང་དོན་དང་ཕྱི་སྤེལ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”མཉམ་དུ་བསྐྲུན་རྒྱུའི་རེ་བ་བཏོན།
ཀྲང་ཝེ་ཏུང་གིས་བསྟན་དོན། 2001ལོའི་ཟླ་12པའི་ཚེས་17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡུན་ནན་ཞིང་ཆེན་རྒྱལ་ཐང་རྫོང་དེ་སེམས་ཀྱི་ཉི་ཟླ་རྫོང་ལ་བསྒྱུར་རྒྱུའི་གཏན་འབེབས་བྱས་པ་ནས་བཟུང་། སེམས་ཀྱི་ཉི་ཟླས་རང་སར་ལོག་པ་ནས་གསར་སྐྱེས་ཀྱི་འཕོ་འགྱུར་བརྒྱུད་མྱོང་ཡོད། སེམས་ཀྱི་ཉི་ཟླའི་ནང་དོན་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་སྣུར་སྲིང་བྱས་ནས་བདེ་ཆེན་དུ་སྐྱེད་སྲིང་ཐུབ་པ་དང་ཀྲུང་གོར་རྩ་བ་ཚུགས་པ། འཛམ་གླིང་ལ་ཕྱོགས་པ་བཅས་ཀྱི་རིག་གནས་ཀྱི་མཚོན་རྟགས་དང་སྤུས་རྟགས་ཤིག་ཏུ་གྱུར་ཡོད་ལ་འཚོ་བར་དགའ་ཞེན་དང་ཞི་མཐུན་འཚོལ་སྙེག་བྱེད་མཁན་ཚོའི་སེམས་ཁོང་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཤིག་ཀྱང་རེད། སེམས་ཀྱི་ཉི་ཟླའི་གླེང་སྟེགས་ལེགས་འགྲུབ་བྱུང་བ་བརྒྱུད་གྲོགས་པོ་དེ་བས་མང་བས་སེམས་ཀྱི་ཉི་ཟླ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་བྱ་གཞག་ལ་དོ་ཁུར་དང་དེའི་ནང་ཞུགས་ནས་སེམས་ཀྱི་ཉི་ཟླས་འཐབ་ལམ་གསར་པའི་ཐོག་གསོན་ཤུགས་གསར་པ་འཕེལ་བ་དང་། ཉམས་འགྱུར་གསར་པ་མངོན་པ། ཚད་བརྒལ་གསར་པ་ཡོང་བ་བཅས་བྱེད་ཐུབ་པ་བྱེད་དགོས།
ཀྲུང་གོའི་དེང་རབས་ཀྱི་མིང་གྲགས་མཁས་དབང་དང་རྩོམ་པ་པོ། མཚན་ཉིད་རིག་པ་བ་ཀྲོའུ་གོ་ཕིང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡུལ་སྐོར་ལས་རིགས་ཚོགས་པའི་ཚོགས་གཙོ་ཅི་ཞའོ་ཏུང་། ཉིང་ཞ་ཧོ་ལན་ཧྲན་ཏུང་ལུའུ་རྒུན་ཆང་ཐོན་ལས་གླིང་ཁུལ་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཅུན། ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་གི་སློབ་གྲྭའི(ཡུན་ནན་སྲིད་འཛིན་སློབ་གླིང་)འགོ་འཛིན་གཞོན་པ་ཆི་ཡོན་ལིང་། སྲོང་བཙན་ཚོགས་པའི་ཏུང་ཧྲི་ཀྲང་། སྲོང་བཙན་སྤུས་རྟགས་ཀྱི་སྲོལ་གཏོད་མཁན་པད་མ་རྡོ་རྗེ་སོགས་ཀྱིས་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་ཞིབ་གཏམ་བཤད་སྤེལ་ཏེ་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”སྤུས་རྟགས་གསལ་རྗེན་དུ་བཏོན་ནས་དེ་ཉིད་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་དེ་བས་ཆེ་རུ་འགྲོ་རྒྱུར་ཐབས་ལམ་དང་བསམ་ཕྱོགས་མཁོ་འདོན་བྱས་པ་རེད།
གཞན་རྒྱུས་ལོན་བྱུང་བ་ལྟར་ན། གཞན་ཡང་དུས་ཡུན་ཉིན་གཉིས་རིང་གི་སེམས་ཀྱི་ཉི་ཟླའི་གླེང་སྟེགས་ཐོག་རྒུན་ཆང་སྐོར་འགྲེམས་དང་། གླེང་སྟེགས་ཞིབ་བསྡུར་ཚོགས་འདུ། རིགས་གཅིག་མཁས་ཅན་དང་བཅར་གླེང་།གཅིག་སྡུད་འོས་སྦྱོར།མཉམ་ལས་གན་འཇོག དེ་བཞིན“འཛམ་གླིང་གི‘སེམས་ཀྱི་ཉི་ཟླ’བྱེས་སུ་སྡོད་པ”ཞེས་པ་དང་། “འཁྲབ་ཐུང་དང་མཉམ་དུ་སེམས་ཀྱི་ཉི་ཟླར་ཡུལ་སྐོར་སྐོར་ལམ་དུ་བསྐྱོད།” “སེམས་ཀྱི་ཉི་ཟླའི་ཆང་གྲོང་སྒོར་ཐིག་ཡུལ་སྐོར” “ཨེ་ཤེ་ཡ་ཤར་ལྷོའི་ཚོང་པ་སེམས་ཀྱི་ཉི་ཟླར་སྐྱོད་པ”བཅས་ཀྱི་ཉམས་ལེན་བྱེད་སྒོ་ཁག་དང་པོའི་འགོ་ཚུགས་མཛད་སྒོ་དང་། “བེ་ཤའི་ཟས་མཆོག་རོལ་བ། ཡུན་ནན་གྱི་ཚོང་འདུས་ལ་རོལ”ཞེས་པའི་བྲིན་ཚོང་བྱེད་སྒོ་ཁག་དང་པོའི་འགོ་ཚུགས་མཛད་སྒོ་སྤེལ་རྒྱུ་རེད།
བདེ་ཆེན་ཁུལ་གྱི་འགོ་ཁྲིད་དང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད། རྒྱལ་ཡོངས་ཀྱི་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་། ཁེ་ལས་ཀྱི་འགན་འཁུར་བ། སྨྱན་སྦྱོར་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།