རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ8ཚེས་13ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་འཇོལ་རྫོང་འབའ་བདེ་ཤང་དུ་ནན་ཅེ་ལུའོ་ཡི་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ་དང་དེ་བཞིན་འབྲུབ་འགོག་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་སྐབས། གནད་དོན་དག་ཐེར་ལས་དོན་ལ་དམ་འཛིན་ནན་པོ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ། སྤུས་ཚད་མཐོ་བའི་སྒོ་ནས་ནན་ཅེ་ལུའོ་ཡི་བདེ་འཇགས་དང་། ཚད་ལྡན། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་ནན་ཅེ་ལུའོ་ཡི་ཡུལ་སྐོར་བ་བསྡུ་འགྲེམས་ལྟེ་གནས་འཛུགས་སྐྲུན་བྱ་ཡུལ་དང་། ཨ་ཁྲེ་ཏ་ཀ་གྲོང་ཚོའི་ཚུའོ་ཅའོ་ཧྥེང་སྒར་སར་བསྐྱོད་དེ་ཉེ་དུས་དྲག་ཆར་བབས་པའི་རྐྱེན་གྱིས་འགྲོ་ལམ་སླར་གསོ་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། འཛུགས་སྐྲུན་དང་བདེ་འཇགས་སྒྲིག་བཀོད་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་དང་། ནན་ཅེ་ལུའོ་ས་ཁོངས་ཀྱི་གནད་དོན་བཅོས་སྒྲིག་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་འགོད་སོགས་ཀྱི་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་མ་ཟད། འཆར་འགོད་བཀོད་སྒྲིག་དང་། ཞབས་ཞུའི་ལེ་ལག་ཚང་བ། བདེ་འཇགས་འགན་ལེན་སོགས་ཐད་གནས་པའི་དཀའ་ངལ་ཡོད་པའི་གནད་དོན་ལའང་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་གནད་དོན་དག་ཐེར་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་དགོས་པ་དང་། འཆར་འགོད་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གནད་དོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་དང་། གནད་ལ་འཁེལ་བའི་ཞིབ་གཅོད། དག་ཐེར་མཐའ་གཅིག་ཏུ་བྱེད་པ། ནུས་ལྡན་ངང་གཡོལ་བ་བཅས་བྱེད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རང་བྱུང་སྐྱེ་ཁམས་ཀྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱས་ཏེ་ནན་ཅེ་ལུའོ་ཡི་ས་ཁོངས་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པའི་ལམ་དུ་བསྐྱོད་དེ་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་ཚད་མཐོའི་དོགས་ཟོན་དང་། བག་མེད་ལྷོད་གཡེང་གི་བསམ་བློ་སེལ་བ། འབྲུབ་འགོག་ལས་དོན་གྱི་འགན་འཁྲི་དོན་འཁྱོལ། ས་གཤིས་ཀྱི་གནོད་འཚེར་དོགས་ཟོན་ནན་པོ་བཅས་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ཧུར་ཐག་བྱེད་པ་དང་ཆུ་ལོག་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཐོན་སླ་བའི་ས་ཆར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་དང་སྐོར་ཞིབ་དང་ཉེན་ཁ་སེལ་བར་ཤུགས་སྣོན་བརྒྱབ་ནས་གཏོར་སྐྱོན་ཕོག་པའི་འགྲོ་ལམ་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། ས་ཁོངས་ཀྱི་ཆ་འགྲིག་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོའི་ངང་སྐུལ་སྤེལ་བརྟན་པོ་གཏོང་བ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་བཀོད་སྒྲིག་ལུགས་མཐུན། ནན་ཅེ་ལུའོ་ལོ་ཁོ་རྒྱུན་མཐུད་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། བདེ་འཇགས་དེ་འཛུགས་སྐྲུན་ཨར་ལས་ཁག་གི་ཨང་དང་པོར་བཞག་ནས་ཨར་ལས་མི་སྣར་བདེ་འཇགས་སློབ་གསོ་དང་ཡུལ་དངོས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཨར་ལས་བྱ་ཡུལ་ལ་སྐོར་ཞིབ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་བདེ་འཇགས་ཀྱི་དོན་རྐྱེན་སྣ་ཚོགས་འབྱུང་བར་དོགས་ཟོན་མཐའ་གཅིག་ཏུ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
ཁྲེན་ཆོན་དང་ཞུས་ཀོང་ཏེ་བརྟག་ཞིབ་ནང་ཞུགས་པ་རེད།