རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་8ཚེས་11ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཤྭ་ཁ་རི་བོའི་མཛེས་ལྗོངས་ཁུལ་དུ་བརྟག་ཞིབ་དང་འབྲེལ་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཁོང་གིས་མིག་སྔར་གཞི་ཚུགས་ནས་ཕུགས་ལ་དམིགས་པ་དང་། ལེགས་ལྡན་ཐོན་ཁུངས་བསྡུ་སྒྲིལ་དང་ཁྱད་ལྡན་བཀྲག་མདངས་འཚེར་ས་གཏོད་པ། ཚན་རིག་དང་མཐུན་པའི་གོ་རིམ་ལྡན་པའི་ངང་མཛེས་ལྗོངས་ཁུལ་འཆར་འགོད་དང་། གསར་སྤེལ། གཉེར་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་མཛེས་ལྗོངས་ཁུལ་གསར་སྤེལ་བྱས་ཚུལ་དང་། གཉེར་སྐྱོང་དོ་དམ། སྒྲིག་བཀོད་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་མཁྱེན་རྟོགས་གནང་བ་དང་འབྲེལ་མཛེས་ལྗོངས་ཁུལ་གྱི་ཇུས་འགོད་ཇུས་གཞི་མཐོར་གཏོང་སོགས་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་འབྲེལ་དུས་མཚམས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་གཏིང་ཟབ་ཀྱང་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་ཤྭ་ཁ་རི་བོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཐུན་མོང་མ་ཡིན་པས་རྩྭ་ཐང་དང་། ནགས་ཚལ། གྲོག་རོང་། གངས་རི། མཚེའུ་སོགས་སྣ་མང་རང་བྱུང་མཛེས་ལྗོངས་གཞི་གཅིག་ཏུ་འདུས་པས་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། མཛེས་ལྗོངས་ཁུལ་སླར་གསོ་དང་གཉེར་སྐྱོང་བྱས་ཚུན། སྒྱུར་བཀོད་རིམ་སྤེལ་རིམ་སྤོར་ལས་གྲྭ་དང་གཉེར་སྐྱོང་ཐབས་ཇུས་གསར་གཏོད་བྱས་པ་བརྒྱུད་འཕེལ་ཕྱོགས་ཡག་པོ་ཡོད་མོད། འོན་ཀྱང་སྤུས་ཚད་མཐོ་རུ་དང་། ལས་རྣམ་ཕུན་སུམ་ཚོགས་པ། ཁྲོམ་ར་གསར་སྤེལ་སོགས་ཀྱི་ཐད་སྔར་བཞིན་བར་མཐོངས་ཡོད་པས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་དང་གནད་སྨིན་ཤུགས་འདོན་བྱེད་དགོས་ཞེས་བསྟན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་ལས་རྣམ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་ཚན་རིག་དང་མཐུན་པའི་ངང་བཟའ་བཏུང་དང་། ངལ་གསོ་རྒྱག་པ། གོམ་ལམ་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཆར་འགོད་བྱས་ཏེ་ཡུལ་སྐོར་བའི་མྱོང་ཚོར་ལེགས་སུ་གཏོང་དགོས། སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་འཛུགས་སྐྲུན་ཚད་ལས་བརྒལ་རྒྱུ་སྔོན་འགོག་བྱས་ཏེ་ཨར་སྐྲུན་སྒྲིག་བཀོད་དང་རང་བྱུང་ཁོར་ཡུག་མཉམ་འདྲེས་ཐུབ་ཚད་དང་སྤྱི་ཡོངས་ལ་གཙོ་གནད་ཐོག་བསམ་གཞིག་བྱས་ཏེ་ཡུལ་སྐོར་བས་རང་བྱུང་དང་གདོད་མའི་སྣོད་བཅུད་ཀྱི་ས་མཐོའི་མཛེས་ལྗོངས་ཉམས་སུ་མྱོང་ཐུབ་པའི་འགན་ལེན་བྱེད་དགོས།ཐག་ལམ་སོགས་འགག་རྩའི་སྒྲིག་བཀོད་བསྒྱུར་བཀོད་རིམ་སྤར་བྱེད་པར་ཚན་རིག་ཞིབ་འཇུག་དང་ཇུས་འགོད་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་ཐེག་ནུས་དང་ཡུལ་སྐོར་སྤྲོ་འཆམ་བདེ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། འབྲེལ་ཡོད་སྡེ་ཁག་དང་། མཛེས་ལྗོངས་ཁུལ་གཉེར་སྐྱོང་ཕྱོགས། འཆར་འགོད་ཇུས་འགོད་སྡེ་ཚན་བཅས་བར་གྱི་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱེད་པ་མ་ཟད་མཛེས་ལྗོངས་ཁུལ་ཁྱོན་ཡོངས་བསྒྱུར་བཀོད་རིམ་སྤར་བྱེད་པའི་ཇུས་འགོད་ཇུས་གཞི་ལེགས་སྒྱུར་ཡང་བྱས་ཏེ། འཆར་འགོད་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་གཞི་གཅིག་ཏུ་ཇུས་འགོད་དང་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་ལ་ཞབས་ཞུའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་སྒྲུབ་དགོས། ཁུལ་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་ས་དམ་ཡུས་ལུང་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་དང་དུས་སྔ་མའི་མཉམ་ལས་ཀྱི་རྨང་གཞིའི་ཐོག་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ལས་སྟེགས་ཕན་ཚུན་སྐུལ་འདེད་དང་། འགྲུལ་ཁུངས་མཉམ་སྤྱོད། གཉིས་ཁེ་གཉིས་ཕན་བཅས་ཡོང་བ་བྱེད་དགོས། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། དོན་ཚན་གྱི་ཞིབ་ཐོ་ཁ་གསལ་བཟོ་བ། དོ་དམ་ཞབས་ཞུ་མུ་མཐུད་ལེགས་སུ་གཏོང་བ། དྲིལ་བསྒྲགས་གཉེར་ཚོང་དང་འདྲེན་གཏོང་ལ་ཤུགས་སྣོན་རྒྱག་པ། གཉེར་སྐྱོང་ཡོང་འབབ་མང་དུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་། ས་དམ་ཡུས་ལུང་མ་རྐང་ཀུང་སིའི་སྤྱི་ཁྱབ་ལས་འཛིན་པ་ཧོ་ཞན་ཀྲུང་དང་དེ་བཞིན་ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་ཞུགས་པ།