འབའ་ལྷག་དཀར་རྫོང་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2025-08-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        དབྱར་གསེང་རིང་ཡུལ་སྐོར་བྱེད་མང་བའི་དུས་སུ་སེམས་ཀྱི་ཉི་ཟླའི་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱིས་བརྗིད་ཆགས་ཉམས་ལྡན་གྱི་རང་བྱུང་མཛེས་ལྗོངས་དང་།གཏིང་ཟབ་པའི་རིག་གནས་བྱང་ཚད།རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་ཞབས་ཞུའི་སྤུས་ཚད་བཅས་ལ་བརྟེན་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།མཛེས་ལྗོངས་ཁུལ་གྱི་བསྡོམས་རྩིས་གསར་ཤོས་ལ་གཞིགས་ན།ཟླ་6པ་དང་7པའི་དབྱར་གསེང་རིང་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་2.4ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་།ཁྱིམ་ཚང་ཡུལ་སྐོར་སྤྲོ་འཆམ་དང་།ཞིབ་འཇུག་སློབ་སྦྱོང་ཚོགས་པ།དེ་བཞིན་པར་རྒྱག་ལ་དགའ་པོ་བྱེད་མཁན་བཅས་གཙོ་ཤུགས་སུ་གྱུར་ཡོད།མཛེས་སྡུག་ལྡན་པའི་ལུང་ཤུར་དང་།ལོ་ངོ་སྟོང་གི་བོད་རིགས་གྲོང་ཚོ་དང་སྤུས་ལེགས་ཅན་གྱི་ཞབས་ཞུ་མཉམ་དུ་འདྲེས་ནས“མི་ཡུལ་གྱི་སྦས་གནས་”དེ་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་རྒྱུན་མཐུད་ངང་མངོན་པར་བྱས་ཡོད།